འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མི་བཞུགས་འཇིག་རྟེན་མཁའ་སྐྱོད་འདུ་འགོད“གོམ་སྟབས་གསུམ”གྱི་
    འཐབ་ཇུས་ཀྱིས“གོམ་སྟབས་གཉིས་པ”འགྲུབ་ཉེར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་07ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའིའ་འཕྲིན། ཟླ་3ཚེས་3ཉིན། ཀྲུང་གོའི་མི་བཞུགས་འཇིག་རྟེན་མཁའ་སྐྱོད་འདུ་འགོད་ཀྱི་གསར་འགྱུར་མགྲིན་ཚབ་པས་གསར་དུ་ཁྱབ་བསྒྲགས་བྱས་པ་ལྟར་ན། 2016ལོར་སྔ་རྗེས་སུ་རྒྱང་སྐྱོད་ཨང་བདུན་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་སྐྱོད་ཚོད་ལྟ་ཐེངས་དང་པོ་དང་། སུམ་རྩེན་ཨང་གཉིས་པ་དང་ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་སྐྱོད་ལས་འགན་གྲུབ་རྗེས་ད་ལོའི་ཟླ་4པའི་ཟླ་དཀྱིལ་དང་ཟླ་མཇུག་ཏུ་ཝུན་ཁྲང་མཁའ་སྐྱོད་འཕེན་གཏོང་ར་བ་ནས་མཁའ་གྲུ་ཨང་དང་པོའི་ཟོག་སྐྱེལ་འཕུར་གྲུ་བཏང་ནས་དངོས་ཟོག་སྐྱེལ་འདྲེན་གསབ་སྣོན་བྱེད་པ་དང་། ཤུགས་འདེད་མེ་རྫས་འཁོར་ལམ་དུ་གསབ་སྣོན། རང་བརྟེན་མགྱོགས་མྱུར་འབྲེལ་མཐུད་སོགས་འགག་རྩའི་ལག་རྩལ་གྱི་ཚོད་ལྟ་སྣ་མང་བྱ་རྒྱུ་རེད། ད་རེས་ཀྱི་ལས་འགན་ནི་ཀྲུང་གོའི་མི་བཞུགས་མཁའ་སྐྱོད་འདུ་འགོད་ཀྱི་བར་སྣང་ཚོད་ལྟ་ཁང་དུས་མཚམས་ཀྱི་མཇུག་བསྡུའི་ལས་ཀ་ཞིག་ཡིན་ལ་བར་སྣང་ས་ཚིགས་འདུ་འགོད་ཀྱི་རྗེས་མཐུད་ལས་འགན་བདེ་བླག་ངང་བསྒྲུབ་རྒྱུར་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་པས། དེས་ཀྲུང་གོའི་མི་བཞུགས་མཁའ་སྐྱོད་འདུ་འགོད་ཀྱིས“གོམ་སྟབས་གསུམ”གྱི་འཐབ་ཇུས་ནང་གི“གོམ་སྟབས་གཉིས་པའི”ལས་འགན་རྒྱལ་ཁའི་ངང་བསྒྲུབས་ནས་བར་སྣང་ས་ཚིགས་འཛུགས་སྐྲུན་གྱི་ལས་འགན་ལ་ལག་རྩལ་གྱི་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་ཡིན་པ་མཚོན་གྱི་ཡོད།
         འཆར་གཞི་ལྟར་ན། མཁའ་གྲུ་ཨང་དང་པོ་འཁོར་ལམ་དུ་བཏང་རྗེས་འཁོར་ལམ་དུ་སྐྱོད་པའི་སུམ་རྩེན་ཨང་གཉིས་པའི་དབར་འབྲེལ་མཐུད་ཐེངས་3དང་ཤུགས་འདེད་མེ་རྫས་གསབ་སྣོན་ཐེངས་3དང་དེ་བཞིན་བར་སྣང་བེད་སྤྱོད་དང་མཁའ་སྐྱོད་ལག་རྩལ་སོགས་ཁྱབ་ཁོངས་མང་པོའི་ཚོད་ལྟའི་རྣམ་གྲངས་ལས་ཀ་བསྒྲུབ་རྒྱུ་རེད། དེའི་རིང་། མཁའ་གྲུ་ཨང་དང་པོ་དང་སུམ་རྩེན་ཨང་གཉིས་པ་ལྷུ་བསྒྲིགས་ནས་འཁོར་ལམ་དུ་ཟླ་བ་2ཙམ་དུ་བསྐྱོད་རྒྱུ་དང་། མཁའ་གྲུ་ཨང་དང་པོ་རང་རྐྱ་འཕེར་བའི་ངང་ཟླ་བ་3ཙམ་བསྐྱོད་རྒྱུ་རེད། གཏན་འཁེལ་ལས་འགན་བསྒྲུབ་རྗེས་མཁའ་གྲུ་ཨང་དང་པོར་ཚོད་འཛིན་བྱས་ནས་འཁོར་ལམ་དང་གྱེས་རྒྱུ་མ་ཟད། སྔོན་གཏན་འཁེལ་བའི་བདེ་འཇགས་མཚོ་ཁོངས་སུ་ཟག་རྒྱུ་དང་། སུམ་རྩེན་ཨང་གཉིས་པ་འཁོར་ལམ་དུ་བསྡད་ནས་མུ་མཐུད་ཚོད་ལྟ་དང་སྤྱོད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།