འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཅུས་ཀྲང་གིས་ན་ནིང་དུས་གཏན་གནམ་གྲུ་རྒྱུན་
    གཏན་ངང་འཕུར་ཐུབ་ཚད་བརྒྱ་ཆའི་གྲངས་8ཡན་མཐོ་རུ་ཕྱིན་པ་དང་འདི་
    ལོ་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་07ཉིན། 12:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ཚང་མས་དམངས་སྤྱོད་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་རྒྱུན་ལྡན་ངང་འཕུར་ཐུབ་པའི་གནད་དོན་ལ་དོ་ཁུར་བྱེད་པ་ངས་ཤེས་ཀྱི་ཡོད། ན་ནིང་རང་རྒྱལ་གྱི་དུས་གཏན་གནམ་གྲུ་རྒྱུན་ལྡན་ངང་འཕུར་ཐུབ་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས་8ཡན་མཐོ་རུ་ཕྱིན་པ་དང་། ལྷག་དོན་དུ་གནམ་གྲུའི་དོ་དམ་རྒྱུ་རྐྱེན་དབང་གིས་རྒྱུན་ལྡན་ངང་འཕུར་མི་ཐུབ་པའི་སྣང་ཚུལ་ཉུང་དུ་ཕྱིན་ཡོད། ཚང་མས་དེར་བློ་ཡིད་ཚིམ་ནས་མ་བསྡད་པར་འདི་ལོ་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན་པ་ངས་ཤེས་ཀྱི་ཡོད”ཅེས་གསུངས།
         ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཅུས་ཀྲང་ཧྥུང་ཀྲེང་ལིན་གྱིས་མིག་སྔར་དུས་གཏན་གནམ་གྲུ་རྒྱུན་ལྡན་ངང་འཕུར་བར་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་མང་དག་ལྡན་པའི་གྲས་སུ་གནམ་གཤིས་དང་། གནམ་ཐང་། མཁའ་འགྲུལ་ཀུང་སི། ས་ངོས་ཞབས་ཞུ་སོཌ་ཚུད་ཡོད། ན་ནིང་དུས་གཏན་གནམ་གྲུའི་གྲངས་འབོར་དང་ཐེངས་གྲངས་མགྱོགས་མྱུར་འཕར་བའི་གནས་ཚུལ་འོག་དུས་གཏན་གནམ་གྲུ་རྒྱུན་ལྡན་ངང་འཕུར་ཐུབ་ཚད་76%ཡན་ཟིན་པ་དེ་ནི་ལས་སླ་པོ་ཞིག་གཏན་ནས་མིན་ཞེས་གསུངས་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།