འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་ཁི་སི་ཐན་གྱི་དཔོན་རིགས་ཀྱིས“ཀྲུང་གོའི་དམངས་གཙོ་ཆབ་སྲིད་ལམ་ལུགས”ལ་
    གདེང་འཇོག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་07ཉིན། 12:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཕ་ཁི་སི་ཐན་གྱི་ནང་སྲིད་པུའི་དཔོན་རིགས་ཧྥེ་སའར·ཧན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བདེ་བླག་བྱུང་བས་ཕ་ཁི་སི་ཐན་གྱི་སྨྱན་སྦྱོར་དེ་བས་མང་བས་ཀྲུང་གོའི་ཕྱོགས་ཚང་མར་དོ་ཁུར་བྱེད་པ་དང་ངས་རྒྱུན་དུ་ཚགས་པར་བལྟས་ནས་ཀྲུང་གོའི་ད་ལྟའི་ཆ་འཕྲིན་ཤེས་རྟོགས་བྱེད་ཀྱི་ཡོད། ལོ་ལྟར་པེ་ཅིང་དུ་ཚོགས་པའི་ཚོགས་འདུ་གཉིས་ནི་ཀྲུང་གོའི་དམངས་གཙོ་ཆབ་སྲིད་ལམ་ལུགས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་རེད”ཅེས་བཤད།
         ཧྥེ་སའར་གྱིས་ཀྲུང་གོའི་ཚོགས་འདུ་གཉིས་ཀྱི་འཐུས་མི་ནི་རྒྱལ་ཡོངས་ས་གནས་ཁག་ནས་རིམ་པ་བཞིན་བདམས་ཐོན་བྱུང་བ་ཞིག་ཡིན་པ་དང་ཆེས་རྒྱ་ཁྱབ་ཆེ་བའི་དམངས་ཀྱི་འདོད་བློ་ཐད་ཀར་མཚོན་ཐུབ་པ་དེས་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་འཛིན་ལ་ཕྱོཌ་ཡོངས་དང་ཡང་དག་པའི་ཆ་འཕྲིན་མཁོ་འདོན་བྱས་ནས་ཀྲུང་གོའི་མི་དམངས་སྣེ་ཁྲིད་དེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་མུ་མཐུད་མདུན་སྐྱོད་བྱ་རྒྱུར་རོགས་རམ་ཐུབ་ཀྱི་ཡོད། འདས་ཟིན་པའི་ལོ་བཅུ་གྲངས་ནང་། ཀྲུང་གོར་འཛམ་གླིང་ཀུན་གྱིས་དོ་ཁུར་བྱེད་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ་དེ་ཚོཌ་འདུ་གཉིས་ཀྱིས་མཚོན་བྱེད་དུ་བྱེད་པའི་ཀྲུང་གོའི་དམངས་གཙོ་ཆབ་སྲིད་ལམ་ལུཌ་ཀྱི་འགན་ལེན་དང་འབྲེལ་བ་དམ་ཟབ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
        ཧྥེ་སའར་གྱིས་ཚོགས་འདུ་གཉིས་ལས་ཀྲུང་གོའི་རྒྱལ་ཁབ་དབང་ཆ་ནི་མི་དམངས་ལས་བྱུང་བ་ཞིག་ཡིན་པ་གང་ལེགས་མཚོན་ཐུབ་ལ། ཀྲུང་གོའི་མི་དམངས་རྒྱལ་ཁབ་བཅོས་སྐྱོང་གི་བརྒྱུད་རིམ་ནང་དངོས་སུ་ཞུགས་ནས་རྒྱལ་ཁབ་ཡར་ཐོན་དང་དར་རྒྱས་གོང་འཕེལ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་ཡང་འབུལ་ཐུབ། ཀྲུང་གོའི་དམངས་གཙོ་ཆབ་སྲིད་ལམ་ལུགས་དེ་ཆེས་རྒྱ་ཁྱབ་ཆེ་བའི་དམངས་ཚོགས་ཞུགས་པའི་ཁྲོད་ཟམ་མི་ཆད་པར་རང་ངོས་འཐུས་ཚང་དུ་གཏོང་ཐུབ་པ་དེས་ལམ་ལུགས་དེར་དུས་བསྟུན་འཕེལ་རྒྱས་ཀྱི་ལེགས་ཆ་ལྡན་པ་མངོན། ཀྲུང་གོ་ནི་མི་འབོར་མང་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་རྒྱལ་ཁབ་དེའི་གནས་ཚུལ་དང་འཚམ་རྒྱུར་མཁོ་བའི་དམངས་གཙོ་ཆབ་སྲིད་ལམ་ལུགས་ནི་རྒྱལ་ཁབ་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བའི་གཞི་རྩའི་འགན་ལེན་ཞིག་རེད་ཅེས་བཤད།
        “ཡུན་རིང་ཚོད་བགམ་ཐེག་པའི་ཀྲུང་གོའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་དམངས་ཚོགས་ཞིག་ཡིན་པའི་ངོས་ནས་ཀྲུང་གོར་འཕེལ་རྒྱས་དེ་ལྟ་བུ་བྱུང་བར་ང་རང་དགའ་ཚོར་ཆེན་པོ་སྐྱེ་གི་འདུག ཀྲུང་གོས་རང་ཉིད་ལ་འོད་སྟོང་འབར་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ་དང་ཆབས་ཅིག ད་དུང་ཕ་ཁི་སི་ཐན་སོགས་ཚུད་པའི་མཐའ་འཁོར་རྒྱལ་ཁབ་སྣེ་ཁྲིད་དེ་འཕེལ་རྒྱས་གྲུས་འབྲས་མཉམ་སྤྱོད་བྱས་ཏེ་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུར་གཞོལ་གྱི་ཡོད”ཅེས་ཧྥེ་སའར་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པར་བཤད་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།