འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཚན་རྩལ་གསར་གཏོད་2030—རྣམ་གྲངས་གལ་ཆེན་ལག་ལེན་བསྟར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་22ཉིན། 13:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་19ཉིན། ཉེ་ཆར་ཚན་རྩལ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཀྱི་འཐབ་ཇུས་དགོངས་པ་མཚོན་པའི་ཚན་རྩལ་གསར་གཏོད་2030—རྣམ་གྲངས་གལ་ཆེན་ཁྲོད་ནས་ཚོད་ལྟ་4བྱེད་འགོ་བཙུགས་པ་དེའི་ནང“གནམ་ས་གཞི་གཅིག་ཅན་གྱི་ཆ་འཕྲིན་དྲ་རྒྱ”ཞེས་པའི་རྣམ་གྲངས་གལ་ཆེན་གྱི་ལག་བསྟར་ཇུས་གཞི་བཟོ་འགོད་བྱེད་པའི་ལས་དོན་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་སྟེ་མིག་སྔར་བློ་འདྲི་དང་རིགས་པས་ཁུངས་སྐྱེལ་བྱེད་བཞིན་ཡོད་པ་རེད།
         ཚན་རྩལ་གསར་གཏོད་2030—རྣམ་གྲངས་གལ་ཆེན་ནི་2030ལོ་དུས་མཚམས་སུ་བྱས་ནས་ཚན་རྩལ་པུས་འབྲེལ་ཡོད་སྡེ་ཚན་ཁག་དང་མཉམ་དུ་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་བརྟག་ཞིབ་རྒྱ་ཁྱབ་དང་རིགས་པས་ཁུངས་སྐྱེལ་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་ཚན་རྩལ་གྱི་རྣམ་གྲངས་དང་འདུ་འགོད་གལ་ཆེན་15བཏོན་ཡོད་པ་རེད།
         ཚན་རྩལ་པུའི་པུའུ་ཀྲང་གཞོན་པ་དབྱིན་ཧོ་ཅུན་གྱིས་ཚན་རྩལ་གསར་གཏོད་2030—རྣམ་གྲངས་གལ་ཆེན་ནི་མདུན་ཕྱོགས་ཚན་རྩལ་དང་། དགོས་མཁོ་གལ་ཆེན། རྒྱལ་ཁབ་ཀྱི་བདེ་འཇགས་དགོས་མཁོ་བཅས་ལ་དམིགས་ནས། འབྱུང་འགྱུར་གྱི་འགྲན་རྩོད་འཐབ་ཇུས་ཀྱི་རང་འགུལ་ཐོབ་རྒྱུར་བརྩོན་ལེན་བྱས་ནས“རྣམ་གྲངས་གཅིག་གནད་སྨིན་བྱུང་མཚམས་དེ་ལག་བསྟར་བྱེད་འགོ་འཛུགས་པའི”རྩ་དོན་གཞིར་བཟུང་ཁག་བགོས་ནས་ལག་བསྟར་བྱེད་འགོ་འཛུགས་རྒྱུ་ཡིན་ཞེས་བཤད།
         ཁོང་གིས་མིག་སྔར་ཚད་རྡུལ་འཕྲིན་གཏོང་དང་ཚད་རྡུལ་རྩིས་འཁོར་དང་། ཀླད་པའི་ཚན་རིག་དང་ཀླད་རིགས་ཞིབ་འཇུག རྒྱ་མཚོའི་བར་མཐོངས་ས་ཚིགས། གནམ་ས་གཞི་གཅིག་ཅན་གྱི་ཆ་འཕྲིན་དྲ་རྒྱ་བཅས་རྣམ་གྲངས་4ཡི་ལག་བསྟར་ཇུས་གཞི་བཟོ་འགོད་བྱེད་པའི་ལས་དོན་གཞི་རྩའི་ཆ་ནས་སྤེལ་འགོ་བཙུགས་པ་དང་། 2017ལོའི་ལོ་མཇུག་གོང་དུ་ལག་བསྟར་ཇུས་གཞི་ཚང་མ་བཟོ་འགོད་ལེགས་འགྲུབ་ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།