འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཆེད་གནམ་ཕྱེད་ཀ་འདེགས་པའི་ནུས་
    པ་འདོན་སྤེལ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་22ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཡོན་ཁྲའོ་ཡིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཅུ་གཅིག་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་བསུ་བ་ཞུ་རྒྱུ་གཙོ་རྐང་དུ་བྱེད་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་སྒུལ་ཤུགས་སུ་བྱས་ནས་རྒྱ་ཆེའི་བུད་མེད་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཆེད་གནམ་ཕྱེད་ཀ་འདེགས་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་གསུངས་པ་རེད།
         ལི་ཡོན་ཁྲའོ་ཡིས་འདས་ཟིན་པའི་ལོ་གཅིག་རིང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་མཐུན་སྒྲིལ་གཅིག་གྱུར་དང་མི་སེམས་གཅིག་འགྲིལ་བྱ་རྒྱུ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང“འདུ་ཤེས་བཞི”ཟབ་ཏུ་བཏང་ནས་རྒྱ་ཆེའི་བུད་མེད་ཀྱི་སྣེ་འཁྲིད་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས་བུད་མེད་མང་ཚོགས་ཀྱིས་ལས་གཏོད་དང་། གསར་གཏོད། ལེགས་གཏོད་བཅས་བྱ་རྒྱུར་སྒྲིག་འཛུགས་དང་བུད་མེད་མང་ཚོགས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་བུད་མེད་ཀྱི་དམངས་འཚོར་ཕན་པའི་བྱ་བཟང་དང་བྱ་བ་དངོས་མང་ཙམ་བསྒྲུབས་ནས་ཁྲིམས་ལྟར་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
         ལི་ཡོན་ཁྲའོ་ཡིས་ཡ་རབས་ཁྱིམ་ཚང་གཏོད་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁྱིམ་ཚང་འབྲེལ་བ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཁྱིམ་ཚང་སློབ་གསོའི་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་རྒྱུར་སྐུལ་འདེད་གཏོང་བ། ཁྱིམ་ཚང་གི་གོམས་སྲོལ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱ་ཆེད་ལེགས་སྐྱེས་དམིགས་བསལ་དོད་པོ་འབུལ་དགོས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སྒྱུར་བཅོས་ཀྱི་ཡང་དག་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་རྒྱུན་འཁྱོངས་དང་ཆེ་རུ་གཏོང་དགོས། དམིགས་སའི་རང་བཞིན་དང་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས་དྲ་ཐོག་ཏུ་བུད་མེད་མཉམ་འབྲེལ་ལྷན་ཚོགས་འཛུགས་མགྱོགས་སུ་གཏོང་བ་དང་། གཞི་རིམ་དུ་ཞབས་འདེགས་ཞུ་བའི་འཐབ་ས་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། བུད་མེད་མང་ཚོགས་ལ་ཐད་ཀར་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་བུད་མེད་མང་ཚོགས་ལ་སྒྱུར་བཅོས་ཀྱི་ཐོབ་སེམས་དེ་བས་མང་བ་ཡོད་པ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱས་ཏེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ལྷན་གྱི་ཨུ་ཡོན་ཚོས་གོང་རིམ་གྱིས་འོག་རིམ་གྱི་སྣེ་འཁྲིད་དེ་མིག་དཔེ་འདོན་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།