འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱིས་རྨང་གཞིའི་སློབ་གསོའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་
    གཅིག་མཐུན་འདུས་གྲུབ་ཁྱོན་10མཉམ་དུ་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་22ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་20ཉིན། གསར་འགོད་པར་ཚེས་17ཉིན་འཚོགས་པའི་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་སློབ་གསོའི་མཐུན་སྦྱོར་འཕེལ་རྒྱས་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། པེ་ཅིང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་སློབ་གསོ་ཨུ་ཡོན་ལྷན་ཁང་དང་། ཐེན་ཅིན་གྲོང་ཁྱེར་ཝུའུ་ཆིང་ཆུས་སློབ་གསོ་ཅུས། ཧོ་པེ་ལང་ཧྥང་གྲོང་ཁྱེར་སློབ་གསོ་ཅུས་བཅས་ཀྱིས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ཐོག་མིང་རྟགས་བཀོད་ཅིང་། གྲོས་མཐུན་ལྟར་ན་ཆུས་དང་གྲོང་ཁྱེར་གསུམ་གྱིས་རྨང་གཞིའི་སློབ་གསོའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ་10བསྐྲུན་ནས་སྲིད་འཛིན་ཁུལ་ལས་སྒྲོལ་བའི་སློབ་གསོའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་དང་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱ་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཐོ་འབྲིང་དང་དམའ་འབྲིང་དཀྱུས་མ་དང་སློབ་ཆུང་གི་དུས་མཚམས་སུ་ས་གནས་གསུམ་གྱི་སྤུས་ལེགས་སྤུས་རྟགས་གཅིག་པའི་སློབ་གྲྭ་འགའ་ཞིག་གིས་རྨང་གཞིའི་སློབ་གསོའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ་10བསྐྲུན་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།