འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲའན་ཤིས་ཀྱི་2017ལོའི“ནམ་ཡང་མང་ཚོགས་དང་མཉམ་གནས་ཀྱི་སྒྱུ་རྩལ་དུས་
    ཆེན”འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་22ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཧྲའན་ཤིས་མི་དམངས་སྒྱུ་རྩལ་ཁང་གི་གཏམ་བརྗོད་ཟློས་གར་《ཤ་བ་དཀར་པོ་》ཞེས་པ་ཚེས་18ཉིན་གྱི་དགོང་མོ་ཤིས་ཨན་མི་དམངས་ཟློས་གར་ཁང་དུ་འཁྲབ་སྟོན་བྱས་ནས་ཧྲའན་ཤིས་ཀྱི་2017ལོའི“ནམ་ཡང་མང་ཚོགས་དང་མཉམ་གནས་ཀྱི་སྒྱུ་རྩལ་དུས་ཆེན”གྱི་རིག་གནས་དམངས་ཕན་བཅའ་སྡོད་ཀྱི་འཁྲབ་སྟོན་འགོ་ཚུགས་པ་རེད།
        ཧྲའན་ཤིས་ཞིང་ཆེན་རིག་གནས་ཐིང་གི་ཐིང་ཀྲང་ལིའུ་ཁོན་རེན་གྱིས་ཧྲའན་ཤིས་ཀྱིས“ནམ་ཡང་མང་ཚོགས་དང་མཉམ་གནས་ཀྱི་སྒྱུ་རྩལ་དུས་ཆེན”དམ་འཛིན་བྱ་གཞིར་བྱས་ནས་འཁྲབ་སྟོན་རྩེ་གྲ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱིས་ཕུལ་བྱུང་འཁྲབ་ཚན་བཅའ་སྡོད་ཀྱིས་འཁྲབ་སྟོན་བྱས་པ་རེད། ཧྲའན་ཤིས་མི་དམངས་སྒྱུ་རྩལ་ཁང་གི་གཏམ་བརྗོད་ཟློས་གར་《ཤ་བ་དཀར་པོ་》ཞེས་པ་ཤིས་ཨན་མི་དམངས་ཟློས་གར་ཁང་དུ་དུས་ཡུན་རིང་པོ་བཅའ་སྡོད་ཀྱིས་ལོ་འཁོར་མོར་འཁྲབ་སྟོན་ཐེངས་156བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
        གཞན་ཡང་གནས་ཚུལ་དངོས་མཚོན་གྱི་ཟློས་གར་《ཧྲའན་པེའི་གླུ་གཞས་》དང་། ཐོག་མའི་གསར་རྩོམ་ཟློས་གར་ཆེ་གྲས་《ཁྲོན་སི་ཀོང་ཇོ་》བྱིས་པའི་ཟློས་གར་《ཁྱེད་དང་མཉམ་དུ་གནས་》སོགས་གར་སྟེགས་ཟློས་གར་རྩེ་གྲ་མང་དག་ཅིག་ཤིས་ཨན་མི་དམངས་ཟློས་གར་ཁང་དང་དབྱིས་ཧྲུའུ་ཟློས་གར་ཁང་ཆེ་མོ་སོགས་སུ་དུས་ཡུན་རིང་པོ་བཅའ་སྡོད་ཀྱིས་འཁྲབ་སྟོན་བྱ་རྒྱུ་རེད། གཏམ་བརྗོད་ཟློས་གར་ཐུང་གྲས་ཧྲའན་ཤིས་ཞིང་ཆེན་མི་དམངས་སྒྱུ་རྩལ་ཁང་གི་ཟློས་གར་ཁང་ཆུང་གྲས་དང་ཏ་ཧྭ་1935ཟློས་གར་ཁང་དུ་འཁྲབ་སྟོན་བྱ་རྒྱུ་རེད། ལྟད་མོ་བ་མི་འདྲ་བའི་རིག་གནས་ཀྱི་དགོས་མཁོ་སྣ་ཚོགས་སྐོང་ཆེད། བལྟོས་བཅས་ཀྱིས་གཏན་འཁེལ་ཡིན་པའི་ཟློས་གར་འཁྲབ་ཚན་ཕུད། ཧྲའན་ཤིས་ཞིང་ཆེན་རིག་གནས་ཐིང་གིས་ད་དུང་ཞིང་ཆེན་ཕྱི་ནང་གི་མཆོག་ཏུ་གྱུར་བའི་གར་སྟེགས་ཟློས་གར་ཁག་གཅིག་གདན་ཞུ་བྱས་ནས་འཁྲབ་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།