འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རྒྱལ་ཁབ་མཐོ་གསར་ཁུལ་གྱི་2016ལོའི་གཉེར་སྐྱོང་ཡོང་འབབ་དུས་མཚུངས་
    ལས་11.5%འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་22ཉིན། 13:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་20ཉིན། མཐོ་གསར་ལག་རྩལ་འཕེལ་རྒྱས་དང་དེ་བཞིན་ཐོན་ལས་ཅན་གྱི་ཆུ་ཚད་དེ་རྒྱལ་ཁབ་ཀྱི་ཚན་རྩལ་འགྲན་རྩོད་ནུས་པ་དང་ཐོན་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། གསར་གཏོད་མཁོ་སྤྲོད་ཆུ་ཚད་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཉེ་ཆར་ཚན་རྩལ་པུའི་པུའུ་ཀྲང་གཞོན་པ་དབྱིང་ཧོ་ཅུན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་མིག་སྔར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་བཙུགས་པའི་རྒྱལ་ཁབ་ཀྱི་མཐོ་གསར་ཁུལ་ཁྱོན་146ཡོད་པ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཅུང་ཆེ་བའི་མཐོ་གསར་ཁུལ་ལ་བརྟེན་ནས་བཙུགས་པའི་རྒྱལ་ཁབ་ཀྱི་གསར་གཏོད་ཁུལ་17ཡོད། 2016ལོར་རྒྱལ་ཁབ་མཐོ་གསར་ཁུལ་146གྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་28.3ཟིན་པ་དེ་དུས་མཚུངས་ལས་11.5%འཕར་བ་དང་བཟོ་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་20.5ཟིན་པ་དེ་དུས་མཚུངས་ལས་10.3%འཕར་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།