འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ད་ལོར་ལྕགས་ལམ་སྤྱི་བདེ་ཡིས་དུག་རྫས་སྤྱི་རྒྱ་652རྩད་ཆོད་ལག་ཟིན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་20ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ལྕགས་ལམ་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོ་ནས་བཟུང་རྒྱལ་ཡོངས་ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་འབབ་ཚིགས་དང་འཁོར་ལོའི་བཟང་ཆ་བེད་སྤྱོད་གང་ལེགས་དང་། ས་ཚིགས་དང་འཁོར་ལོར་སྐོར་གཡེང་ཞིབ་བཤེར་བྱེད་ནུས་ཆེ་རུ་བཏང་ནས་ཆ་འཕྲིན་གནས་ཚུལ་འཚོལ་སྡུད་ཧུར་ཐག་དང་། དུག་རྫས་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་ཇེ་ཆེར་བཏང་བས། ཁྱོན་བསྡོམས་དུག་རྫས་ཉེས་དོན་གྱོད་གཞི་670རྩད་ཆོད་བྱས་པ་དང་དོགས་ཡོད་ཉེས་ཅན་706འཛིན་བཟུང་བྱས་ཤིང་། ཉལ་ཐ་ཧེ་རུན་ཧའེ་སོགས་དུག་རྫས་རིགས་སྣ་ཚོགས་ཁེ་652463རྩད་ཆོད་ལག་ཟིན་བྱས་ཡོད་པ་རེད།
         ས་གནས་ཁག་གི་ལྕགས་ལམ་སྤྱི་བདེ་ཅུས་ཀྱིས་ས་ཚིགས་དང་འཁོར་ལོར་སྐོར་ཞིབ་བྱེད་ཤུགས་ཇེ་ཆེར་བཏང་ནས་སྤ་སེ་འཚོང་བ་དང་བདེ་འཇགས་ཞིབ་གཤེར་སོགས་ཀྱི་འགག་སྒོར་ནན་པོ་བསྲུང་ནས་དུས་བསྟུན་གྱིས་དུག་རྫས་ཀྱི་ཡོང་ཁུངས་ཕྱོགས་གཙོ་བོའི་འགྲུལ་པ་དང་མེ་འཁོར་ལ་སྐོར་གཡེང་ལས་རེས་བྱེད་ཤུགས་ཆེ་རུ་བཏང་ནས་དོགས་ཆེའི་མི་སྣ་དང་དོགས་ཡོད་དངོས་རྫས་གཙོ་གནད་དུ་བཟུང་སྟེ་ཞིབ་གཤེར་བྱས་པ་རེད།  ས་གནས་སྤྱི་བདེ་ལས་ཁུངས་དང་མཉམ་སྒྲུབ་གཞོགས་འདེགས་དམ་པོ་བྱས་ནས་ཆ་འཕྲིན་མཉམ་སྤྱོད་དང་། གསང་འཕྲིན་བརྗེ་རེས། མཉམ་འབྲེལ་རྡུང་རྡེག་བཅས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།