འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ཨ་མེ་རི་ཁར་རྒྱལ་བུན་ཨ་སྒོར་དུང་ཕྱུར་91འཕར་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་20ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་15ཉིན། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཀྲུང་གོས་ཨ་མེ་རི་ཁར་རྒྱལ་བུན་ཟླ་བ་6ལ་བསྟུད་མར་ཉུང་དུ་བཏང་རྗེས། ན་ནིང་ཟླ་བ་12པར་ཨ་མེ་རི་ཁར་རྒྱལ་བུན་འཕར་གཏོང་ཉུང་ཙམ་བྱས་ཡོད་པ་རེད། 
         གཞི་གྲངས་ལས་མངོན་པ་ལྟར་ན། ན་ནིང་ཟླ་བ་12པར་ཀྲུང་གོས་ཨ་མེ་རི་ཁར་རྒྱལ་བུན་ཨ་སྒོར་དུང་ཕྱུར་91འཕར་གཏོང་བྱས་ཡོད་པས། རྒྱལ་བུན་གཏོང་གྲངས་ཅུང་འཕར་ཏེ་ཨ་སྒོར་དུང་ཕྱུར་ཁྲི་1.0584ཟིན་ཞིང་། དེ་ནི་ན་ནིང་ཟླ་བ་5པ་ནས་བཟུང་འཕར་གཏོང་ཐེངས་དང་པོ་བྱས་པ་རེད། 
         ཀྲུང་གོའི་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་ཉེ་ཆར་མིག་སྔར་ཀྲུང་གོའི་དཔལ་འབྱོར་མུ་མཐུད་དུ་འཕར་སྣོན་མྱུར་ཚད་མཐོ་འབྲིང་ཡོང་བར་རྒྱུན་འཁྱོངས་དང་།  རྒྱུན་ལྡན་རྣམ་གྲངས་གཏོང་མང་ཡོང་ཉུང་གི་ཧེ་བག་རྒྱུན་འཁྱོངས། ནོར་སྲིད་ཀྱི་གནས་ཚུལ་ཅུང་བཟང་བ། དངུལ་རྩའི་མ་ལག་བརྟན་ཅིང་ནུས་ལྡན་བཅས་ཀྱི་གཞི་རྩའི་གནས་ཚུལ་གྱུར་མེད་པས། མཐུན་རྐྱེན་འདི་དག་ཚང་མས་མི་དམངས་ཤོག་སྒོར་སྟོབས་ལྡན་ཤོག་སྒོར་བརྟན་པོར་འགྱུར་བར་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཕྱི་དངུལ་གསོག་འཇོག་གི་གཞི་ཁྱོན་ལུགས་མཐུན་འདང་ངེས་ཀྱི་ཆུ་ཚད་དུ་རྒྱུན་འཁྱོངས་བྱེད་པར་སྐུལ་སྤེལ་ཡང་གཏོང་རྒྱུ་རེད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།