འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རྒྱུ་ནོར་འགན་བཅོལ་གྱི་གུན་གསབ་འཇལ་ནུས་ཚང་མ་དམིགས་ཚད་དུ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་20ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་17ཉིན། ཉེ་ཆར། ཀྲུང་གོ་འགན་བཅོལ་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཁྲེན་ཝུན་ཧུའེ་ཡིས་རྒྱལ་ཡོངས་རྒྱུ་ནོར་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཚོགས་འདུའི་ཐོག་2016ལོར་རྒྱལ་ནང་གི་རྒྱུ་ནོར་འགན་བཅོལ་ལས་རིགས་ཀྱི་ཉེན་ཁ་ཆུང་དུ་གཏོང་བ་དང་ཁྲོམ་རར་འགྱུར་བའི་སྒྱུར་བཅོས་དང་དབུལ་སྐྱོར་གྱི་འབོར་ཉུང་དངུལ་བུན་གཏོང་བ་སོགས་ཐད་ཕན་འབྲས་ཡག་པོ་ཐོན་ཞིང་། 2017ལོར་ཁྲོམ་རའི་སྒྲིག་ལམ་གཙོ་གནད་དུ་བཅོས་སྒྲིག་བྱས་ནས་ཁྱོན་ཡོངས་ནས་ཉེན་ཁ་གྲལ་བཤེར་བྱ་རྒྱུ་རེད་ཅེས་བརྗོད།
         2016ལོའི་ལོ་མཇུག་བར་རྒྱལ་ནང་གི་རྒྱུ་ནོར་འགན་བཅོལ་ཀུང་སི་ཚང་མའི་གུན་གསབ་འཇལ་ནུས་དམིགས་ཚད་དུ་སླེབས་ནས་ཉེན་ཁ་ཆུང་དུ་གཏོང་བའི་ཐད་ཕན་འབྲས་ཡག་པོ་ཐོན་པ་དང་། ཚོང་དོན་གྱི་འཁོར་རིགས་འགན་བཅོལ་སྒྱུར་བཅོས་ཚོད་ལྟ་རྒྱལ་ཡོངས་སུ་འགོ་བཙུགས་ནས་རླངས་འཁོར་ཚང་མའི་འགན་བཅོལ་འགྲོ་གྲོན་དེ་སྒྱུར་བཅོས་མ་བྱས་གོང་ལས་8%ཆག་པ་དང་། ཚོང་ལས་སྐོར་གྱི་འགན་འཁྲིའི་འགན་བཅོལ་རིགས་གསུམ་ལ་འཇལ་བའི་དངུལ་འབོར་ཚད་བཀག་བཟོ་ཚད་20%འཕར་བ། གེགས་བར་ཆེན་པོའི་ཉེན་ཁའི་འགན་བཅོལ་འཛུགས་པའི་ཐད་གོམ་སྟབས་གསར་པ་སྤོས་ནས་ས་ཡོམ་གྱི་གེགས་བར་ཆེན་པོའི་ཉེན་ཁའི་འགན་བཅོལ་བསྡོམས་རྩིས་བྱས་ན་ཁེར་རྐྱང་ལ་སྒོར་ཁྲི་18.07ཟིན་པ་དང་། ཀོང་ཏུང་དང་ཧེ་ལུང་ཅང་ཞིང་ཆེན་གཉིས་ཀྱིས་ཧྲེན་ཀྲེན་དང་ཡུན་ནན་རྗེས་སུ་གེགས་བར་ཆེན་པོའི་ཉེན་ཁའི་འགན་བཅོལ་ཚོད་ལྟ་བྱེད་འགོ་བརྩམས་པ། “དབུལ་སྐྱོར་གྱི་འབོར་ཉུང་དངུལ་བུན་གཏོང་བའི”སྲིད་ཇུས་མང་དག་དོན་འཁྱོལ་བྱས་ནས་ཧྥུའུ་ཕིང་སོགས་དཔེ་ལྟ་གཞི་ཡོད་པའི་འགན་བཅོལ་དབུལ་སྐྱོར་གྱི་དཔེ་མཚོན་ཁག་གཅིག་ཁྱབ་གདལ་བཏང་ནས་འབོར་ཉུང་དབུལ་བུན་འགན་ལེན་གྱི་འགན་བཅོལ་བྱས་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཁྲི་8.91ལ་མ་དངུལ་སྒོར་དུང་ཕྱུར་315.90བསྡུ་སྒྲིལ་ཐུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།