འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཐོན་ལས་ཀྱི་དཀར་ཆག་བཟོ་བཅོས་བརྒྱབ་ནས་དབུས་ནུབ་རྒྱུད་ཀྱིས་ཕྱི་རྒྱལ་
    གྱི་མ་འཇོག་ཐོན་ལས་སྤོ་སྒྱུར་ལས་སྒོ་དང་ལེན་ཐད་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་20ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་17ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ཚོང་དོན་པུའུ་ཡིས་《དབུས་ནུབ་རྒྱུད་ས་ཁུལ་གྱི་ཕྱི་རྒྱལ་གྱི་མ་འཇོག་ལེགས་ཆ་ལྡན་པའི་ཐོན་ལས་དཀར་ཆག(2017ལོར་བཟོ་བཅོས་བརྒྱབ་)》ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་ནས་དབུས་ནུབ་ས་ཁུལ་གྱིས་ཕྱི་རྒྱལ་གྱི་མ་འཇོག་ཐོན་ལས་སྤོ་སྒྱུར་ལས་སྒོ་དང་ལེན་ཐད་རྒྱབ་སྐྱོར་བྱས་ཏེ་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་དཀར་ཆག་བཟོ་བཅོས་ཐད་ཕྱི་རྒྱལ་གྱི་མ་འཇོག་ཐོན་ལས་སྤོ་་སྒྱུར་གྱི་འཕེལ་ཕྱོགས་གསར་པ་དང་འཚམ་པ་དང་། ས་གནས་ཀྱི་བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། ཕྱི་རྒྱལ་མ་འཇོག་གི་གྲུབ་ཆ་ལེགས་སྒྲིག་བྱེད་པ། ཚོང་འགུགས་མ་འདྲེན་གྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་སྤྱིའི་དོན་ཚན་ཁྱོན་639ཡོད་པ་དང་། དེ་སྔའི་དཀར་ཆག་ལས་དོན་ཚན་139མང་དུ་ཕྱིན་ཡོད་པ་རེད།
         འགྱུར་ལྡོག་གཙོ་བོའི་ནང་གཅིག་ནི་སྲོལ་རྒྱུན་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་དང་། ཞིང་(འབྲོག་)ལས་ཀྱི་ལེགས་ཆ་ལྡན་པའི་ཞིང་ཆེན་དུ་ལྗང་མདོག་བཟའ་བཅའི་ལས་སྣོན་དང་ཚད་ལྡན་ཅན་གྱི་སྒྲིག་བཀོད་སྔོ་ཚལ་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་ས་བཅད་ཁ་སྣོན་བརྒྱབ་ནས་ཞིང་ལས་ཐོན་སྐྱེད་བྱེད་སྟངས་བསྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། གཉིས་ནི་མཐོ་གསར་ཉེར་སྤྱོད་ལག་རྩལ་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། ཞིང་ཆེན་ཁག་གཅིག་ཏུ་འདོན་ཐེངས་6པ་དང་དེ་མན་གྱི་TFT - LCDཐོན་ལས་ཀྱི་འགག་རྩའི་རྨང་གཞིའི་རྒྱུ་ཆ་དང་། འདུས་གྲུབ་གློག་ལམ་བཟོ་སྐྲུན། རིག་ནུས་ལག་ཐོགས་ཁ་པར། ངོས་ལེབ་གློག་ཀླད། སྐྱེ་དངོས་གསོ་རིག་དང་སྨན་རྫས་སོགས་ཀྱི་ས་བཅད་ཁ་སྣོན་བརྒྱབ་ནས་གློག་རྡུལ་དང་གསོ་རིག་སྨན་རྫས་སོགས་ཀྱི་ཐོན་ལས་གཅིག་སྡུད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ། གསུམ་ནི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་མྱུར་འགྲོ་རྒྱུར་སྐུལ་ལྕག་བྱེད་རྒྱུ་དང་། ས་གནས་ཀྱི་དོན་དངོས་གཞིར་བཟུང་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དང་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་ས་བཅད་ཁག་གཅིག་ཁ་སྣོན་རྒྱག་རྒྱུ། བཞི་ནི་ངལ་རྩོལ་འདུས་ཆེ་རྣམ་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། ངལ་རྩོལ་ནུས་ཤུགས་ཀྱི་ལེགས་ཆ་ལྡན་པའི་ཞིང་ཆེན་དུ་ཕྱི་ཕྱོགས་རྣམ་པའི་འཁལ་འཐག་དང་། གྱོན་གོས། འཛིན་ཆས་སོགས་ཀྱི་ས་བཅད་ཁ་སྣོན་བརྒྱབ་ནས་ཕྱི་ཕྱོགས་རྣམ་པའི་ཐོན་ལས་ཚོགས་པ་གསར་པ་ཆགས་རྒྱུར་སྐུལ་འདེད་བཏང་སྟེ་ཤར་རྒྱུད་ས་ཁུལ་དང་རྒྱལ་སྤྱིའི་ཐོག་གི་ངལ་རྩོལ་འདུས་ཆེ་རྣམ་པའི་ཕྱི་རྒྱལ་གྱི་མ་འཇོག་ཐོན་ལས་གཞན་སྒྱུར་འབྲེལ་མཐུད་ཧུར་ཐག་ཐུབ་པ་བྱེད་རྒྱུ། ལྔ་ནི་རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་ལེ་ལག་ཚང་བ་ཡོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། ཞིང་ཆེན་ཁག་གཅིག་ཏུ་གྲོང་ཁྱེར་གྱི་སྤྱི་པའི་རླངས་འཁོར་འཇོག་སའི་སྒྲིག་བཀོད་དང་། རླངས་འཁོར་གྱི་གློག་གསོག་སྒྲིག་བཀོད། གཞུང་ལམ་དོས་སྐྱེལ་ས་ཚིགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ས་བཅད་ཁ་སྣོན་བརྒྱབ་ནས་འགྲིམ་འགྲུལ་གྱི་ཟོག་འགྲེམས་དྲ་རྒྱ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། དྲུག་ནི་དུས་བབ་གསར་པ་དང་འཚམ་པ་བྱས་ནས་སྔར་ཡོད་ཀྱི་ས་བཅད་ལེགས་སྒྲིག་བྱེད་རྒྱུ་དང་། ས་བཅད་ཁག་གཅིག་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་ནས་ས་གནས་ཀྱི་ཚོང་འགུགས་མ་འདྲེན་གྱི་གནས་ཚུལ་དངོས་སྔར་ལས་ལེགས་པའི་ངང་མཚོན་པ་བྱེད་རྒྱུ་བཅས་ཚུད་ཡོད་པ་རེད།
         རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་སྤྱིའི་དཔལ་འབྱོར་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཕྱིན་པ་དང་རྒྱལ་ནང་གི་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱས་པ་དང་བསྟུན་ནས་དབུས་ནུབ་ས་ཁུལ་གྱི་ཕྱི་ཕྱོགས་སྒོ་དབྱེ་དང་ཕྱི་རྒྱལ་མ་འཇོག་གི་ཡིད་དབང་འགུག་ཐབས་བྱེད་པའི་ཐད་གོ་སྐབས་དང་འགྲན་སློང་གསར་པ་འཕྲད་བཞིན་ཡོད་པ་རེད། དཀར་ཆག་དེར་བཟོ་བཅོས་རྒྱག་པ་ནི་ཕྱི་རྒྱལ་གྱི་མ་འཇོག་དེ་བས་ལེགས་པའི་ངང་དབུས་ནུབ་ས་ཁུལ་ལ་ཕྱོགས་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས་དབུས་ནུབ་ས་ཁུལ་གྱི་གསར་སྤེལ་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། དབུས་ནུབ་ས་ཁུལ་གྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། ཕྱི་རྒྱལ་མ་འཇོག་གི་ཡིད་དབང་དེ་བས་ལེགས་པའི་ངང་འགུག་ཐབས་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
         དབུས་ནུབ་ས་ཁུལ་གྱི་ཕྱི་རྒྱལ་ཚོང་པའི་མ་འཇོག་ལེགས་ཆའི་ཐོན་ལས་དཀར་ཆག་ནི་རང་རྒྱལ་གྱིས་ཕྱི་རྒྱལ་གྱི་མ་འཇོག་གི་ཡིད་དབང་འགུག་ཐབས་བྱེད་པའི་གལ་ཆེའི་ས་ཁོངས་ཐོན་ལས་ཀྱི་སྲིད་ཇུས་ཤིག་ཡིན་པ་དང་། 2000ལོར་ཐེངས་དང་པོ་ཡོངས་བསྒྲགས་བྱས་པ་དང་ད་ཐེངས་བཟོ་བཅོས་རྒྱག་ཐེངས་4པ་རེད། ཁྱབ་ཁྱོན་གྲས་སུ་དབུས་ནུབ་ས་ཁུལ་དང་། བྱང་ཤར་ས་ཁུལ། ཧའེ་ནན་གྱི་ཞིང་ཆེན་(ཆུས་དང་གྲོང་ཁྱེར་)22བཅས་ཚུད་ཡོད་པ་དང་། བཟོ་བཅོས་པར་གཞིའི་དཀར་ཆག་2017ལོའི་ཟླ་3ཚེས་20ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།