འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཤང་ཀང་དུ་རྒྱ་ཡིག་རིག་གནས་ཀྱི་མྱོང་རོལ་འགྲེམས་སྟོན་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་20ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་18ཉིན། རྒྱ་ཡིག་རིག་གནས་ཀྱི་མྱོང་རོལ་འགྲེམས་སྟོན་ཤང་ཀང་དུ་སྤེལ་ནས་ལྟ་སྐོར་དང་། རོལ་རྩེད། སྤེལ་རེས། DIYམྱོང་རོལ་སོགས་ཀྱི་བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས་རྒྱ་ཡིག་རིག་གནས་ཀྱི་ནང་དོན་མངོན་པ་བྱས་པ་རེད།
         ད་ཐེངས་ཀྱི་སྐོར་སྐྱོད་འགྲེམས་སྟོན་འདི་ཀྲུང་ཧྭ་དཔེ་སྐྲུན་སྐུལ་སྤེལ་ཚོགས་པའི་རྒྱ་ཡིག་རིག་གནས་ཁྱབ་གདལ་ཆེད་ལས་ཨུ་ལྷན་དང་རའོ་ཙུང་དབྱི་རིག་གནས་ཁང་གིས་གཙོ་གཉེར་བྱས་པ་དང་སྐོར་སྐྱོད་འགྲེམས་སྟོན་གྱི་ས་ཚིགས་དང་པོ་དེ་ཤང་ཀང་ཡིན་ཞིང་། འགྲེམས་ཁང་ནང“བརྗོད་དོན་གཙོ་བོའི་ཁུལ”དང་། “རྒྱ་ཡིག་གི་ལོ་རྒྱུས”“ངོ་མཚར་ཆེ་བའི་རྒྱ་ཡིག”“འཚོ་བའི་ཁྲོད་ཀྱི་ཡི་གེ”“རྒྱ་ཡིག་དར་པ”“ཚང་ཅེ་ཆུང་བའིDIYལག་ཤེས་བསམ་བཀོད་བར་མཐོངས”བཅས་ཁུལ་6ཏུ་དབྱེ་ཡོད།
         གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་འགྲེམས་སྟོན་གྱི་བཀྲག་མདངས་འཚེར་སའི་གྲས་ཤིག་ནི་ཚན་རྩལ་ལ་བརྟེན་ནས་མི་རྣམས་ཀྱི་ཡིད་དབང་འགུག་ཤུགས་ཆེ་རུ་བཏང་བ་དེ་ཡིན་ཞིང་། “རྒྱ་ཡིག་དར་པ”ཞེས་པས་རིག་སྟོབས་ཀྱི་ངོ་བརྟག་དང་སྐད་གདངས་དབྱེ་འབྱེད་མ་ལག་སྤྱད་དེ་ལྟ་སྐོར་བ་དང་རིག་སྟོབས་མ་ལག་དབར་འཚམས་འདྲི་ཞུ་རེས་བྱེད་པ་སོགས་སྤེལ་རེས་བྱེད་ཐུབ་ཀྱི་ཡོད།
         འགྲེམས་སྟོན་གྱི་ཕན་ནུས་ཆེ་རུ་གཏོང་ཆེད། འགྲེམས་སྟོན་ནང་ངོས་སྙོམས་ཇུས་འགོད་དང་། ཤོག་དྲས་འདྲ་གཟུགས། བརྐོས་དཀྲོལ་སོགས་ཁྱབ་ཁོངས་ཀྱི་ཇུས་འགོད་མཁས་ཅན་གདན་དྲངས་ནས་རྒྱ་ཡིག་བརྩམས་ཆོས་མང་པོ་གསར་རྩོམ་བྱས་པ་དང་འབྲེལ། རྒྱ་ཡིག་དང་དབྱིན་ཡིག་ཐོག་ནས་ངོ་སྤྲོད་བྱས་ཏེ་རྒྱ་ཡིག་བེད་སྤྱོད་མི་བྱེད་མཁན་གྱིས་རྒྱ་ཡིག་རིག་གནས་ལ་དེ་བས་ཤེས་རྟོགས་ཡག་པོ་ཐུབ་རྒྱུར་སྟབས་བདེ་བསྐྲུན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།