འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་རང་རྒྱལ་གྱིས་འཕྲིན་གཏོང་སྲུང་སྐར་6འཕེན་གཏོང་བྱ་རྒྱུ་ཡིན་པ།

    ལག་ལེན་ཨང་བཅོ་བརྒྱད་པ་ཞེས་པའི་སྲུང་སྐར“རྒྱང་སྐྱོད་ཨང་ལྔ་པའི”མེ་ཤུགས་འཕུར་མདར་བསྒྲགས་ནས་འཕེན་གཏོང་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་20ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་17ཉིན་གསར་འགོད་པར་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཀུང་སིའི་ཁང་ལྔ་པ་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱིས་2017ལོར་ལག་ལེན་ཨང་བཅུ་གསུམ་པ་དང་། ལག་ལེན་ཨང་བཅོ་བརྒྱད་པ། ཀྲུང་ཤིང་A9 ཀྲུང་ཤིང་C9སོགས་འཕྲིན་གཏོང་སྲུང་སྐར་6འཕེན་གཏོང་བྱ་རྩིས་ཡོད། དེའི་ནང་ལག་ལེན་ཨང་བཅོ་བརྒྱད་པ་ཞེས་པའི་སྲུང་སྐར་དེ་ཟླ་བ་དྲུག་པར་རྒྱང་སྐྱོད་ཨང་ལྔ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདར་བསྒྲགས་ནས་འཁོར་ལམ་ཐོག་འཕེན་གཏོང་བྱ་རྒྱུ་རེད།
         ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཀུང་སིའི་ཁང་ལྔ་པའི་འཕྲིན་གཏོང་སྲུང་སྐར་བྱ་གཞག་པུའི་པུའུ་ཀྲང་གཞོན་པ་ཝང་མིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འཕུར་འགོ་འཛུགས་སྐབས་ལྗིད་ཚད་ཏུན་7ཡོད་པའི་ལག་ལེན་ཨང་བཅོ་བརྒྱད་པ་ཞེས་པའི་སྲུང་སྐར་ལ་ཚད་རྡུལ་འཕྲིན་གཏོང་དང་ཧོའར་གློག་སྒུལ་གསར་པ་སོགས་མ་ལག་སྤྱད་ཡོད་པ་དང་ཡུན་རིང་མ་སོང་བར་ཤར་ཕྱོགས་དམར་ཨང་ལྔ་པའི་སྲུང་སྐར་སྟེགས་བུའི་འགག་རྩའི་ལག་རྩལ་སྤྱད་དེ་འཁོར་ལམ་དུ་འཕེན་གཏོང་གིས་ཚོད་ལྟ་བྱས་ནས་ར་འཕྲོད་ཡོང་ཐབས་བྱ་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱིས་རང་ཚུགས་ཀྱི་སྒོ་ནས་ཞིབ་འཇུག་གསར་སྤེལ་བྱས་པའི་ཐེག་ནུས་ཆེ་ཤོས་ཀྱི་འཕྲིན་གཏོང་སྲུང་སྐར་སྟེགས་བུ་གསར་པ་ཞིག་ཡིན་པའི་ཤར་ཕྱོགས་དམར་ཨང་ལྔ་པའི་སྲུང་སྐར་སྟེགས་བུར་ཤུགས་ཚད་མཐོ་བ་དང་། ཚ་སེལ་ནུས་པ་ཆེ་བ། སྤྱོད་ཡུན་རིང་བ། རྒྱ་སྐྱེད་ཆོག་པ་ལ་སོགས་པའི་ཁྱད་ཆོས་མང་པོ་ཞིག་ལྡན་པ་དང་། ད་ལྟ་བེད་སྤྱོད་གཏོང་བཞིན་པའི་ཤར་ཕྱོགས་དམར་ཨང་གསུམ་པ་དང་བཞི་པའི་སྟེགས་བུ་དང་བསྡུར་ན་ནུས་པ་སྔར་བས་ཆེ་རུ་སོང་བ་མ་ཟད། ད་དུང་རྒྱལ་སྤྱིའི་ཐོག་ཆེས་སྔོན་ཐོན་གྱི་འཕྲིན་གཏོང་སྲུང་སྐར་སྟེགས་བུ་དང་འདྲ་མཚུངས་ཀྱང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།