འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཤོང་ཚད་ཆེ་བའི་CTཞིབ་འཇུག་གསར་སྤེལ་རྣམ་གྲངས་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་20ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚན་རྩལ་པུས“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་གཙོ་གནད་ཞིབ་འཛུགས་གསར་སྤེལ་འཆར་གཞིའི་རྣམ་གྲངས“ལི་སྨི་16གི་རབ་གསལ་དང་། མྱུར་ཚད་མགྱོགས་པ། ཤོང་ཚད་ཆེ་བའི་གསོ་རིག་CTམ་ལག”ཚེས་18ཉིན་ཀྲེ་ཅང་ཧྲའོ་ཤིང་དུ་དངོས་སུ་སྤྱོད་འགོ་ཚུགས་ཤིང་། རིགས་གཅིག་མཁས་ཅན་གྱིས་ངོས་འཛིན་བྱས་དོན། རང་རྒྱལ་གྱིས་རྣམ་གྲངས་དེ་སྤྱད་ནས་སྨན་བཅོས་བརྙན་པར་སྒྲིག་ཆས་ཀྱི་ལྟེ་བའི་ལག་རྩལ་ཁོང་དུ་ཆུད་པ་བྱས་ཏེ་ལག་རྩལ་གྱི་སྒེར་སྡེམ་མེད་པ་བཟོ་བ་དང་སྨན་བཅོས་ཡོ་ཆས་དང་སྒྲིག་ཆས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེར“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་གཙོ་གནད་ཞིབ་འཇུག་གསར་སྤེལ་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་5000རག་པ་དང་། ཀྲེ་ཅང་མིང་ཧྥུང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སིས་མིང་སྔོན་འགོད་དང་། ཀྲུང་གོ་ཚན་རིག་ཁང་སུའུ་ཀྲོའུ་སྐྱེ་དངོས་སྨན་བཅོས་འདུ་འགོད་ལག་རྩལ་ཞིབ་འཇུག་སུའོ་དང་ཀྲེ་ཅང་སློབ་ཆེན་གསོ་རིག་ཞོར་གཏོགས་སྨན་ཁང་དང་པོ་སོགས་ཚན་པ་10ཡིས་ཞིབ་འཇུག་གསར་སྤེལ་གྱི་ལས་དོན་ནང་མཉམ་དུ་ཞུགས་པ་རེད།
         “ཤོང་ཚད་ཆེ་བའི་CTཡི་རིག་ནུས་ཅན་གྱི་ཆུ་ཚད་དེ་བས་མཐོ་བ་དང་། གློག་རླབས་འཕྲོ་འོད་ཀྱི་སྨན་སྦྱོར་བྱེད་ཚད་དེ་བས་དམའ་བ། གློག་རྡུལ་འདྲ་བཤུས་མྱུར་ཚད་དེ་བས་མགྱོགས་པ་བཅས་ཡོད་པས། འཁོར་སྐྱོད་གཟའ་འཁོར་གཅིག་བྱས་ཚེ་གཟུགས་པོའི་ནང་གི་དབང་པོ་གང་རུང་ཞིག་ལའང་གློག་རྡུལ་འདྲ་བཤུས་ཐུབ་པས་སྨན་པས་སྙིང་དང་ཏོག་དབྱིབས་འཕར་རྩ་བརྟག་དཔྱད་གསལ་པོ་བྱེད་ཐུབ་པ་མ་ཟད། ནད་རྟགས་མངོན་གསལ་དོད་པོ་མེད་པའི་སྙིང་ནད་ཀྱི་ཉེན་ཁ་ཆེ་བའི་མི་ཚོགས་དང་སྙིང་པར་རྒྱུན་ལྡན་མིན་པའི་ནད་པར་སྔ་ཙམ་ནད་དཔྱད་དང་སྔོན་འགོག་བྱེད་ཐུབ”ཅེས་རྒྱལ་ཁབ་མི་སྟོང་གི་འཆར་གཞིའི་རིགས་གཅིག་མཁས་ཅན་ཀྲེ་ཅང་མིང་ཧྥུང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སིའི་ཙུང་ཚའེ་ཅང་ཧའོ་ཁྲོན་གྱིས་བཤད་པ་རེད།
         ལས་རིགས་ནང་ཁུལ་གྱི་མི་སྣས། མིག་སྔར་རང་རྒྱལ་གྱི་ཤོང་ཚད་ཆེ་བའི་CTསྒྲིག་ཆས་ནང་འདྲེན་བྱ་རྒྱུར་བརྟེན་དགོས་ཁར་རིན་གོང་ཡང་མཐོ་བས། རང་རྒྱལ་གྱིས་བཟོས་པའི་རྩེར་སོན་སྨན་བཅོས་སྒྲིག་ཆས་ཀྱིས་སྨན་བཅོས་མ་གནས་ཆུང་དུ་འགྲོ་རྒྱུ་མ་ཟད། མང་ཚོགས་མང་པོར་ཕན་པ་ཐོབ་རྒྱུ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།