འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་བྱེད་ནུས་མང་ཤོས་ལྡན་པའི་མཚོ་སྒྲོལ་ཟམ་ཆེན་སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་20ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ལྕགས་ལམ་ཅུས་བཅོ་བརྒྱད་པའི་ཀུང་སི་གཉིས་པས་བསྐྲུན་པའི་རང་རྒྱལ་གྱི་གཞུང་ལམ་དང་། བཤུལ་ལམ་ཡོད་པའི་གློག་འཁོར། ཆུ་འདྲེན། གློག་དྲ། འབར་རླངས། འོད་སྐུད་བཅས་བགྲོད་ལམ་ཆེ་གྲས་དྲུག་གཞི་གཅིག་ཏུ་བསྡུས་པའི་མཚོ་སྒྲོལ་ཟམ་ཆེན་ཐོག་མ་སྟེ། མཚོ་འགག་ཡིད་འོང་གླིང་ཕྲན་གྱི་མཚོ་སྒྲོལ་ཟམ་ཆེན་ཚེས་18ཉིན་ཡོངས་སུ་སྐྲུན་འགོ་ཚུགས།
         ཡིད་འོང་གླིང་ཕྲན་གྱི་མཚོ་སྒྲོལ་ཟམ་ཆེན་ནི་ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་མེ་ལན་ཆུས་སུ་གནས་པ་དང་། ཧའེ་ཁོའུ་གྲོང་ཁྱེར་དང་ཕྱི་མཚོའི་མིས་བཟོས་གླིང་ཕྲན་ཡིད་འོང་གླིང་ཕྲན་དང་འབྲེལ་ཡོད། ཟམ་ཆེན་གྱི་རིང་ཚད་ལ་སྨི་5666.26དང་ཟམ་ངོས་ཀྱི་ཞེང་ཚད་ལ་སྨི་27.5ཟིན་ཞིང་ཆུང་ཀྲོའུ་མཚོ་འགག་ཕྲེད་དུ་བཅད་ཡོད་པ་རེད།
         ཡིད་འོང་གླིང་ཕྲན་གྱི་ཟམ་ཆེན་ནི་རྒྱལ་ནང་ཁེ་ལས་ཀྱིས་རང་བརྟེན་ངང་མ་དངུལ་བཏང་ནས་བསྐྲུན་པའི་མཚོ་སྒྲོལ་ཟམ་པ་ཆེ་གྲས་ཤིག་ཡིན་ལ་ཟམ་གཙོ་ལ་རྒྱལ་ནང་དུ་ཁྱད་ཆོས་གཟེངས་སུ་ཐོན་པའི་རླུང་གཡོར་ལྟ་བུའི་འགྲེང་ཟམ་རྣམ་པ་ཐོག་མར་སྤྱད་པ་དང་། ཧའེ་ནན་ཉིད་རྒྱལ་སྤྱིའི་ཡུལ་སྐོར་གླིང་ཕྲན་ཡིན་པའི་ས་ཁོངས་ཁྱད་ཆོས་གང་ལེགས་མཚོན་ཁར་སྔོན་དཔག་ལྟར་ན་2019ལོའི་ལོ་སྟོད་དུ་འཁོར་རིགས་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།