འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུའུ་ནན་གྱི་ལན་ཡོན་རྡོ་སོལ་གཏེར་ཁུང་དུ་འབར་གས་ཀྱི་དོན་རྐྱེན་བྱུང་ནས་མི་9གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་15ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧུའུ་ནན་གྱི་ལན་ཡོན་རྡོ་སོལ་གཏེར་ཁུང་དུ་འབར་གས་ཀྱི་དོན་རྐྱེན་བྱུང་ནས་མི་9གྲོངས་པ།
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཧུའུ་ནན་ཞིང་ཆེན་ལན་ཡོན་རྡོ་སོལ་གཏེར་ཁུང་དུ་དོན་རྐྱེན་བྱུང་བའི་ཡུལ་དངོས་ལས་ཤེས་རྟོགས་བྱུང་གསལ་དུ། ཟླ་2ཚེས་14ཉིན་ལན་ཡོན་ཏོའུ་ལི་ཧྲན་གྲོང་རྡལ་གྱི་ཙུའུ་པའོ་རྡོ་སོལ་གཏེར་ཁུང་དུ་འབར་གས་ཀྱི་དོན་རྐྱེན་བྱུང་ཞིང་། ཉིན་དེར་ལས་ཞུགས་གཏེར་ཁུང་དུ་འཛུལ་མི་29ཡོད་པའི་ཁྲོད་ནས། རང་འགུལ་བདེ་ལམ་ནས་ཕྱིར་དོན་མི་16བྱུང་བ་དང་། མི་4མྱུར་སྐྱོབ་ཐུབ་ཀྱང་། མི་9རྐྱེན་ལམ་དུ་ཤོར་བ་རེད།
            ལན་ཡོན་གྲོང་ཁྱེར་ཙུའུ་པའོ་རྡོ་སོལ་གཏེར་ཁའི་ཁོངས་གཏོགས་མ་རྐང་ལམ་ལུགས་ཀྱི་ཁེ་ལས་ནི་ཝ་སིའི་ཚད་མཐོ་ལ་ཆུ་སྐྱོན་ཅན་གྱི་གཏེར་ཁུང་ཞིག་ཡིན་པ་དང་། ལོ་རེའི་ཐོན་སྐྱེད་བྱེད་ཚད་ནི་ཏུན་ཁྲི་9ཡིན་པ། དཔང་ཡིག་ཆ་ཚང་ཡོད་པ་རེད།
           དོན་རྐྱེན་འབྱུང་རྩ་ནི་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་པ་རེད།
    ༄༅།།ཧུའུ་ནན་གྱི་ལན་ཡོན་རྡོ་སོལ་གཏེར་ཁུང་དུ་འབར་གས་ཀྱི་དོན་རྐྱེན་བྱུང་ནས་མི་9གྲོངས་པ།
    ༄༅།།ཧུའུ་ནན་གྱི་ལན་ཡོན་རྡོ་སོལ་གཏེར་ཁུང་དུ་འབར་གས་ཀྱི་དོན་རྐྱེན་བྱུང་ནས་མི་9གྲོངས་པ།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།