འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷ་སས་ལས་གཏོད་དབུལ་སྒྲོལ་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་15ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་ལས་གཏོད་དབུལ་སྒྲོལ་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་བཏང་བས་ཐོན་ལས་དབུལ་སྐྱོར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོད། ན་ནིང་ལྷ་སར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྱོན་11237དང་མི་44162ཡོད་པ་དང་དབུལ་པོར་གྱུར་ཚད་14.2%ཟིན་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་བ་བརྒྱུད་མི་17115དབུལ་པོའི་གནས་ལས་གྲོལ་བ་དེ་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་ལས་འགན་གྱི་38.76%ཟིན་ནས་དམིགས་ཚད་ལས་འགན་ལེགས་གྲུབ་ཚད་བརྒལ་བྱུང་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སས་ན་ནིང་མ་དངུལ་སྒོར་དུང་ཕྱུར་10.43བཏང་སྟེ་ཐོན་ལས་རྣམ་གྲངས་62ཨར་སྐྲུན་བྱེད་འགོ་ཚུགས་པ་དང་མང་ཚོགས་དབུལ་པོ་6987ཐོན་ལས་རྣམ་གྲངས་དབུལ་སྒྲོལ་ལ་ཞུགས་རྒྱུར་སྣེ་ཁྲིད་བྱས་པ། འབབ་འཕར་སྒོར་ཁྲི་1780.07བྱུང་བ། དུད་ཚང་དབུལ་པོར་ལས་ཞུགས་ལས་གནས་6000ལྷག་ཙམ་མཁོ་འདོན་བྱས་པ་དང་། ན་ནིང་ས་ཞིང་རྩྭ་ར་ནང་བཤུག་དང་། དངོས་རྫས་རྒྱུ་ཆར་བསྒྱུར་བ། མ་དངུལ་རྐང་དབང་དུ་བསྒྱུར་བ། བཟོ་ལས་བཅས་ཀྱི་ཐབས་ལམ་བརྒྱུད་དུད་ཚང་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་གྱི་རྣམ་གྲངས་ཁྱོན་197ཡོད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་8286སྐུལ་ཁྲིད་བྱས་པ། མི་རེར་ཆ་སྙོམས་འབབ་འཕར་སྒོར་2000ཡན་ཟིན་ཡོད་པ་རེད།
         དབུལ་པོའི་རྩ་བ་གཅོད་ཆེད་བྱ་ཐབས་སྣ་མང་སྤྱད་ཅིང་། ལྷ་སས་ན་ནིང་བཀོད་སྒྲིག་ས་ཚིགས་19བཙུགས་པར་མ་དངུལ་སྒོར་དུང་ཕྱུར་5.21བཏང་བ་དེས་ལོ་འཁོར་མོའི་འཆར་གཞིའི་86.83%ཟིན་པ་དང། བཀོད་སྒྲིག་ཁང་པ་2113རྒྱག་འགོ་བཙུགས་པའི་ནང་ནས་ཁང་པ་2083བརྒྱབ་ཟིན་པ་དེས་ལོ་འཁོར་མོའི་འཆར་གཞིའི་98.58%ཟིན་པ་དང་དུད་ཚང་2083གྱི་མི་8064ཁང་པ་གསར་པར་སྤོས་པ་རེད། སློབ་གསོར་བརྟེན་ནས་དབུལ་སྒྲོལ་བྱེད་པར་སྐུལ་འདེད་བཏང་སྟེ་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་དབུལ་པོའི་རྩ་བ་བཅད་ཅིང་། ལོ་ཧྲིལ་པོར“འགན་ལེན་གསུམ”དང་དེ་བཞིན་སློབ་སྐྱོར་མ་དངུལ་སྒོར་དུང་ཕྱུར་2.844དོན་འཁྱོལ་བྱས་པས་སློབ་མ་96984ལ་རོགས་རམ་ཐོབ་པ་དང་། རིམ་རྩིས་ལྟར་ན་སློབ་མ་དབུལ་པོ་5468ལ་རོགས་དངུལ་སྒོར་ཁྲི་2669སྤྲད་པ། གསོ་སྦྱོང་བྱས་པ་བརྒྱུད“དམའ་འབྲིང་དང་མཐོ་འབྲིང་ལ་མ་ཚུད་པའི་སློབ་མ”257ལས་ཞུགས་གཞན་སྒྱུར་ཐུབ་པ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།