འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་ཆེན་རིང་གྲོང་ཁྱེར་གྱི་གསོལ་ལྕོག་སྟེང་དུ་རི་སྐྱེས་ཚལ་གྱི་སྣ་ཁ་མང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་15ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དཔྱིད་གསར་དུས་ཆེན་རིང་། སི་ཁྲོན་ཟུང་ཆུའི་ཁུར་མོང་དང་། ལྔུམ་བུ་ཁུར་མ། སྔོ་ཁུ་ཚོད་བཅས་ཚལ་ཁྲོམ་དུ་བཙོངས་པས་གྲོང་ཁྱེར་གྱི་གསོལ་ལྕོག་སྟེང་དུ“རི་སྐྱེས་ཚལ”གྱི་སྣ་ཁ་མང་དུ་ཕྱིན་པ་རེད།
         རི་སྐྱེས་སྔོ་ཚོད་ནི་ཟུང་ཆུའི་ཞིང་འབྲོག་པའི་འབབ་འཕར་དབུལ་སྒྲོལ་གྱི་ཐོན་ཁུངས་གལ་ཆེན་ཞིག་རེད། ལོ་ལྟར་གྱི་ཟླ་3པའི་ཟླ་མཇུག་ནས་ཟླ་8པའི་བར་ཧྲི་ཅ་པའོ་ཤང་དང་དེ་བཞིན་ཉེ་འགྲམ་གྱི་ཞའོ་ཧོ་ཤང་དང་གསེར་མཚོ་ཤང་དུ་རི་སྐྱེས་སྔོ་ཚོད་ཕུན་སུམ་ཚོགས་པོ་ཡོད། དེ་སྔ་ཆ་འཕྲིན་ཤར་གཏོང་མི་ཐུབ་པས་བཏུས་པའི་རི་སྐྱེས་སྔོ་ཚོད་རང་ཉིད་ཀྱིས་བཟས་པ་ཕུད་དེ་བྱིངས་ཚང་མ་རུལ་གྱི་ཡོད། ད་ཆ་དྲ་ཐོག་ཚོང་དོན་ཡོད་པས་ཟུང་ཆུའི་རི་སྐྱེས་སྔོ་ཚོད་ཕྱིར་ཚོང་ཐུབ་ནས་མི་རྣམས་ཀྱི“སྔོ་ཚལ་སྒོང”གསུམ་ཕུན་སུམ་ཚོགས་སུ་བཏང་ཡོད།
         རྒྱལ་ཡོངས་ཀྱི་དྲ་ཐོག་ཚོང་དོན་དབུལ་སྐྱོར་ཚོད་ལྟའི་རྫོང་དང་ཞིང་ཆེན་རིམ་པའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་བཙུགས་པའི་ཕྱོགས་བསྡུས་དཔེ་སྟོན་རྫོང་ཡིན་པའི་ཟུང་ཆུ་རྫོང་གིས་དྲ་ཐོག་ཚོང་དོན་ཁེ་ལས་ནང་འདྲེན་བྱས་ནས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་ཞབས་ཞུའི་ལྟེ་གནས་1དང་། ཤང་དང་གྲོང་རྡལ་རིམ་པའི་དྲ་ཐོག་ཚོང་དོན་གྱི་ཞབས་ཞུའི་ལྟེ་གནས་12 གྲོང་ཚོ་རིམ་པའི་དྲ་ཐོག་ཚོང་དོན་གྱི་ཞབས་ཞུའི་ས་ཚིགས་18བཅས་བཙུགས་ཡོད། དེ་དང་ཆབས་ཅིག་ལྷོ་ནུབ་ཚན་རྩལ་སློབ་ཆེན་དང་མཉམ་དུ་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་25ཡི་གྲོང་གསེབ་ལས་གཏོད་གཞོན་ནུ་དང་། སློབ་ཆེན་ཐོན་པའི་གྲོང་དཔོན། དུད་ཚང་དབུལ་པོ་སོགས་མི་1200ལྷག་ཙམ་ལ་དྲ་ཐོག་ཚོང་དོན་གྱི་ཤེས་བྱ་གསོ་སྦྱོང་བྱས་པ་རེད། ཕག་པ་དང་། ནས། བཟའ་བྱའི་ཤ་མོ་སོགས་ཁྱད་ལྡན་ཡུལ་ཟོག་ཕྱིར་བཙོངས་པ་དང་སྦྲགས་ན་ནིང་ཀུང་སིས་རི་སྐྱེས་སྔོ་ཚོད་བཙོངས་པ་ཁོ་ནར་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད། “འདི་ལོ་ང་ཚོས་ཁྲེང་ཏུའུ་ཡི་བཟའ་བཏུང་ཁེ་ལས་3དང་རི་སྐྱེས་སྔོ་ཚོད་དང་བཟའ་བྱའི་ཤ་མོང་བྲིན་ཚོང་གི་གྲོས་ཆོད་བཞག་པ་ཡིན”ཞེས་ཟུང་ཆུའི་འབྱུང་གནས་དྲ་ཐོག་ཚོང་དོན་ཀུང་སིའི་འགན་འཁུར་བས་བཤད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།