འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་རྫ་སྟོད་ཀྱིས་2017ལོར་མི་3451དབུལ་སྒྲོལ་བྱེད་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་15ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱིས“རྫ་སྟོད་རྫོང་གི་2017ལོའི་གནད་སྨིན་དབུལ་སྒྲོལ་གྱི་གསོ་སྦྱོང་འཛིན་གྲྭ”གཉེར་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ལས་བྱེད་པའི་དཔུང་ཁག་ལ“གསོ་སྦྱོང”བྱས་པ་རེད། 2017ལོར་རྫ་སྟོད་རྫོང་དུ་གྲོང་ཚོ་དབུལ་པོ་4དང་དབུལ་པོ་མིན་པའི་གྲོང་ཚོ་7གྱི་དུད་ཚང་1042ཀྱི་ཁྱོན་མི་3451དབུལ་སྒྲོལ་བྱེད་རྩིས་ཡོད་པ་རེད།
         རྫ་སྟོད་རྫོང་ནི་རྒྱལ་ཁབ་རིམ་པའི་དབུལ་སྐྱོར་གསར་སྤེལ་གྱི་གཙོ་གནད་རྫོང་གི་ཁོངས་སུ་གཏོགས་ཤིང་། རང་བྱུང་ཆ་རྐྱེན་ཞན་པ་དང་ཕྱི་ནང་གི་སྒུལ་ཤུགས་མི་འདང་བ་ནི་ཀྲོའུ་ཡོངས་དང་ཞིང་ཆེན་ཡོངས་སུ་དབུལ་པོ་ཁྱབ་རྒྱ་ཆེ་ཤོས་དང་། དབུལ་ཕོངས་ཚད་གཞི་གཏིང་ཟབ་ཤོས། དབུལ་པོ་ཐོན་ཚད་མཐོ་ཤོས། དབུལ་སྒྲོལ་བྱེད་དཀའ་ཤོས་བཅས་ཀྱི་རྫོང་གི་གྲས་སུ་འགྱུར་བའི་རྒྱུ་རྐྱེན་ཞིག་རེད། རྫ་སྟོད་རྫོང་ཡོངས་སུ་མི་གྲངས་བསྡོམས་འབོར་67342དང་འབྲོག་པ་མི་གྲངས་61215ཡོད་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་15206ཡོད་པ་དང་མི་འབོར་དབུལ་པོའི་ཐོན་ཚད་24.8%ཟིན་ཡོད།
          ལོ་གཅིག་རིང་རྫ་སྟོད་རྫོང་གིས་གནད་སྨིན་དབུལ་སྐྱོར་རྣམ་གྲངས་ལག་བསྟར་ནན་པོ་བྱས་ཏེ་ཡུལ་གཞན་དུ་གནས་སྤོའི་རྣམ་གྲངས་དང་། གྲོང་ཚོ་རིམ་པའི་རོགས་རེས་མ་དངུལ་རྣམ་གྲངས། སྦྲང་ཆར་ཟིལ་མའི་འཆར་འགོད་རྣམ་གྲངས། དབུལ་སྐྱོར་ཐོན་ལས་འཛུགས་སྐྲུན་རྣམ་གྲངས་སོགས་ཐབས་ལམ་བརྒྱུད་དུད་ཚང་དབུལ་པོར་སྡོད་ཁང་དང་། འབབ་འཕར། ཐོན་སྐྱེད་བཅས་ཀྱི་དཀའ་གནད་སེལ་རོགས་བྱས་པ་དང་ཆབས་ཅིག་ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་བྱས་ནས་མ་དངུལ་ཁེ་སྤོགས་རྣམ་གྲངས་བསྡུ་སྒྲིལ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གོ་སྐབས་གང་ལེགས་སྤྱད་དེ་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་ལས་ཞུགས་མང་དུ་བཏང་བ་དང་ལས་རིགས་ཀྱི་དབུལ་སྐྱོར་ཕན་འབྲས་འདོན་སྤེལ་བྱས་པ་སོགས་རྣམ་པ་མང་པོ་བརྒྱུད་དབུལ་སྒྲོལ་ལས་འགན་ལེགས་སྒྲུབ་ལ་སྐུལ་མ་ནུས་ལྡན་བཏང་བ་རེད།
         མིག་སྔར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་དང་། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་གཉིས་པའི་ལས་གྲྭ བོད་རིགས་ས་ཁུལ་གྱི་རོགས་སྐྱོར་སྲིད་ཇུས། གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས། ཁ་གཏད་རོགས་སྐྱོར་སོགས་ཀྱི་ཕན་ཡོད་སྲིད་ཇུས་ལས་རྫ་སྟོད་རྫོང་གི་དཔལ་འབྱོར་འཕེལ་རྒྱས་དང་ཐོན་ལས་རོགས་སྐྱོར་ལ་གོ་སྐབས་གསར་པ་བྱིན་ཡོད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།