འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་བོད་རིགས་ས་ཁུལ་གྱི་མེ་ཏོག་མཆོད་པ་ཆེ་ཤོས་སྐུ་འབུམ་བྱམས་པ་གླིང་དུ་བཤམས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་15ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལུགས་རྙིང་ལོའི་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་སྙན་གྲགས་ཆེ་བའི་བོད་བརྒྱུད་ནང་བསྟན་སྐུ་འབུམ་བྱམས་པ་གླིང་གིས་ལོ་གཅིག་དུས་གཅིག་གི་མེ་ཏོག་མཆོད་པ་བཤམས་པ་རེད།
         མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཙོང་ཁ་རྫོང་རུ་གསར་གྲོང་རྡལ་དུ་གནས་པའི་སྐུ་འབུམ་བྱམས་པ་གླིང་ལ་ལོ་600ཙམ་གྱི་ལོ་རྒྱུས་ལྡན་ཞིང་། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་སྲོལ་གཏོད་མཁན་རྗེ་ཙོང་ཁ་པའི་འཁྲུངས་ཡུལ་ཡིན་པ་དང་། དགོན་སྡེའི་ལྡེབས་རིས་དང་། གོས་སྐུ། མེ་ཏོག་མཆོད་པ་གསུམ་ལ་སྐུ་འབུམ་བྱམས་པ་གླིང་གི“རྩེར་སོན་སྒྱུ་རྩལ་གསུམ”ཞེས་བརྗོད། ལོ་གཅིག་དུས་གཅིག་གི་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་ནི་བོད་རིགས་ས་ཁུལ་དུ་གཞི་ཁྱོན་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་བཞེངས་མཁན་སྒོ་མང་འཛིན་གྲྭ་དང་རྗེ་བཙུན་འཛིན་གྲྭ་གཉིས་ཀྱིས་བཞེངས་པའི་བརྩམས་ཆོས་ཀྱི་བརྗོད་བྱ་གཙོ་བོ་ནི་《རྗེ་ཙོང་ཁ་པ་ཆེན་པོའི་མཛད་རྗེས་བཞི་》སོགས་རེད།
          སྐུ་འབུམ་བྱམས་པ་གླིང་གི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བློ་བཟང་དབང་ཕྱུག་ནི་མེ་ཏོག་མཆོད་པ་བཞེངས་མཁན་གྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཡིན་པ་དང་། ཁོང་གིས་གསར་འགོད་པར་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་སྡེ་ཚང་མར་མེ་ཏོག་མཆོད་པ་ཡོད་པ་དང་། དེས་ན་སྐུ་འབུམ་བྱམས་པ་གླིང་དུ་མེ་ཏོག་མཆོད་པ་བཞེངས་པར་ལོ་300ཙམ་གྱི་ལོ་རྒྱུས་ལྡན་ཡོད། མིག་སྔར། སྐུ་འབུམ་བྱམས་པ་གླིང་དུ་མེ་ཏོག་མཆོད་པ་བཞེངས་པའི་སྒྱུ་རྩལ་དང་མེ་ཏོག་མཆོད་པ་བཤམས་པའི་བརྒྱུད་རིམ་ཁྲོད་བོད་བརྒྱུད་ནང་བསྟན་གྱི“མདོ་དར”རོལ་དབྱངས་དཀྲོལ་རྒྱུ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོར་བཅུག་ཡོད་ཅེས་བཤད་པ་རེད། “མེ་ཏོག་མཆོད་པ་བཞེངས་མཁན་དགེ་འདུན་པ་ཚོས་རྒྱུན་ཆད་མེད་པར་འབད་བརྩོན་བྱས་ནས་ས་མཐོར་རྩ་བ་བརྟན་པོ་ཚུགས་པ་མ་ཟད་མི་རིགས་མང་པོའི་སྲོལ་རྒྱུན་རིག་གནས་ཀྱི་སྒྱུ་རྩལ་སྙིང་བཅུད་ནམ་ཡང་བཀྲག་མདངས་འཚེར་བའི་རེ་བ་ཡོད”ཅེས་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་བཞེངས་ཡུལ་གོང་མའི་དགེ་འདུན་པ་བློ་བཟང་མཁས་གྲུབ་ཀྱིས་བཤད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།