འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཛའ་གྲོགས་ཟམ་ཆེན་ཨང་བདུན་པ་ཀེ་ཐུང་ཟམ་ཆེན་ཐོག་རླངས་
    འཁོར་དངོས་སུ་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་15ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་13ཉིན། ཁམ་ཕུ་ཁྲེའི་ཀན་ཏན་ཞིང་ཆེན་ཀེ་ཐུང་རྫོང་དུ་ཀྲུང་གོ་སྲིད་གཞུང་གིས་བུན་གཡར་རོགས་རམ་དང་ཀྲུང་གོ་ལམ་ཟམ་ཀུང་སིས་བསྐྲུན་འགན་འཁུར་བའི་ཀེ་ཐུང་ཟམ་ཆེན་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་འཚོགས་ཤིང་། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་དང་། ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞུང་པོ་དང་དེ་བཞིན་ཁམ་ཕུ་ཁྲེའི་དཔོན་རིགས། ཡུལ་དེའི་དམངས་ཚོགས་བཅས་མི་5000ལྷག་ཙམ་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོར་ཞུགས་ཡོད།
          ཀེ་ཐུང་ཟམ་ཆེན་ནི་ཁམ་ཕུ་ཁྲེའི་རྒྱལ་ས་ཕ་ནོམ་ཕེན་ལྷོ་ཕྱོགས་ཀྱི་སྤྱི་ལེ་60ཡིས་ཆོད་པའི་ཀེ་ཐུང་རྫོང་དུ་གནས་ཤིང་། ཁྱོན་ཡོངས་ཀྱི་རིང་ཚད་ལ་སྨི་415དང་ཞེང་ཚད་ལ་སྨི་13.5ཡོད། ཟམ་ཆེན་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་དེས་ཁམ་ཕུ་ཁྲེའི་གཞུང་ལམ་ཨང་21དང་ཨང་110ལ་ཕན་པ་ཆེན་པོ་བསྐྲུན་རྒྱུ་ཡིན་པ་རེད།
          ཀེ་ཐུང་ཟམ་ཆེན་ནི་ཀྲུང་གོའི་ཀུང་སིས་བསྐྲུན་འགན་འཁུར་བའི་ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཛའ་གྲོགས་ཟམ་ཆེན་ཨང་བདུན་པ་དེ་ཡིན་ཞིང་། དེ་སྔའི་ཟམ་ཆེན་དྲུག་པོའི་ནང་མེ་ཀུང་གཙང་པོའི་ཟམ་ཆེན་2དང་། ཏུང་ལི་ས་གཙང་པོའི་ཟམ་ཆེན་1 པ་ས་གཙང་པོའི་ཟམ་ཆེན་1 ཤིས་ཀུང་གཙང་པོའི་ཟམ་ཆེན་1 ཕ་ནོམ་ཕེན་ཧྲུའེ་ཅིང་ཧྭ་ཟམ་ཆེན་གསར་པ་1བཅས་ཚུད་ཡོད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།