འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་འཛམ་གླིང་རླུང་འཕྲིན་ཉིན་མོའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་ཨེ་ཤེ་ཡ་རུ་
    ཐོག་མར་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་15ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་13ཉིན། 2017ལོའི་འཛམ་གླིང་རླུང་འཕྲིན་ཉིན་མོའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་དེ་ཚེས་13ཉིན་ཧྲང་ཧའེ་རུ་གཉེར་ཞིང་། 2011ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ལོ་ལྟར་གྱི་ཟླ་2ཚེས་13ཉིན་ནི“འཛམ་གླིང་གི་རླུང་འཕྲིན་ཉིན་མོར”གཏན་འཁེལ་བྱས་ཡོད། འདི་ལོའི་འཛམ་གླིང་རླུང་འཕྲིན་ཉིན་མོའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་དེ་ཀྲུང་གོའི་ཧྲང་ཧའེ་རུ་གཉེར་བ་དེ་ནི་ཉིན་མོ་དེ་བཙུགས་ནས་ལོ་དྲུག་ནང་ཨེ་ཤེ་ཡའི་ས་ཁུལ་དུ་གཉེར་ཐེངས་ཐོག་མ་དེ་ཡིན་པ་རེད།
         2017ལོའི་འཛམ་གླིང་རླུང་འཕྲིན་ཉིན་མོས“མི་ཚང་མས་རླུང་འཕྲིན་ཤེས་པ་བྱེད”ཅེས་པ་བརྗོད་བྱ་གཙོ་བོར་བྱས་ཡོད། ད་ཆ་གོ་ལ་ཧྲིལ་པོར་རླུང་འཕྲིན་སྨྱན་སྦྱོར་ཚན་པ་ཚང་མར་དྲ་རྒྱའི་ཁོར་ཡུག་འོག་སྨྱན་སྦྱོར་བརྒྱུད་བསྒྲགས་ཁྱབ་ཁོངས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ་སྔར་བྱུང་མྱོང་མེད་པའི་གོ་སྐབས་ཀྱང་བསུས་ཡོད། ཇི་ལྟར་བྱས་ནས་གསར་གཏོད་འཕེལ་རྒྱས་གཏོང་མགྱོགས་སུ་གཏོང་བ་དང་མཉམ་འདྲེས་གཞན་སྒྱུར་ཡོང་བ་བྱ་རྒྱུ་དེ་ད་ཐེངས་གཉེར་བའི་2017ལོའི་འཛམ་གླིང་རླུང་འཕྲིན་ཉིན་མོའི་མཐོ་རིམ་གླེང་སྟེགས་ཐོག་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོས་དོ་ཁུར་བྱེད་པའི་གྲོས་གཞི་ཞིག་ལ་གྱུར་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་རླུང་འཕྲིན་མནའ་འབྲེལ་དང་ཡོ་རོབ་རླུང་འཕྲིན་མནའ་འབྲེལ་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་མང་པོའི་རླུང་འཕྲིན་སྒྲིག་གཞིའི་སྐུ་མགྲོན་དང་འཐུས་མི་200ཙམ་ཚོགས་འདུར་ཞུགས་ཡོད།
         མཚན་མོ་དེར་《གཟའ་འཁོར་གྱི་རླུང་འཕྲིན་རོལ་དབྱངས་འདུ་ཚོགས་》འཛམ་གླིང་གི་རླུང་འཕྲིན་ཉིན་མོའི་དཔྱིད་གསར་ཆེད་འཁྲབ་དེ་ཧྲང་ཧའེ་ཟློས་གར་ཁང་ཆེ་མོའི་ནང་བྱས་ཡོད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།