འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དཔེ་དེབ་སྤུས་དག་ཧ་ཝ་ནའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཐོག་སྟོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་15ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་13ཉིན། ཉེ་ཆར་སྤེལ་བའི་སྐབས་26པའི་ཧ་ཝ་ནའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཐོག་ཀྲུང་གོའི་གྲགས་ཅན་དཔེ་སྐྲུན་ཚན་པ་6ཞུགས་ནས་ཁུ་པ་མི་དམངས་ལ་ཕྱོགས་ཡོངས་དང་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་དེང་རབས་ཀྲུང་གོ་ངོ་སྤྲོད་བྱས་པ་རེད།
         སྐབས་འདིའི་དཔེ་དེབ་འགྲེམས་སྟོན་ཐོག་ཀྲུང་གོའི་འགྲེམས་ཁུལ་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་30ཡོད་པ་དེ་སྲོལ་རྒྱུན་རིག་གནས་དང་། ཀྲུང་གོའི་རྩོམ་རིག སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག ལོ་ཆུང་བྱིས་པའི་ཀློག་དེབ། སྐད་བརྡའི་སློབ་སྦྱོང་སོགས་ཆེད་དོན་བཀོད་སྒྲིག་བྱས་པར་ཁྱོན་རིགས་མི་འདྲ་བ་500ལྷག་ཙམ་དང་སྤུས་དག་དཔེ་དེབ་700ལྷག་ཙམ་འགྲེམས་སྟོན་བྱས་པའི་ནང་སི་ཕེན་ཡིག་རིགས་ཀྱི་དེབ་ཀྱིས་ཕྱེད་ཀ་ཙམ་བཟུང་ཡོད།
         ལོ་གཅིག་དུས་གཅིག་གི་ཧ་ཝ་ནའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ནི་ལ་ཏིང་མེ་གླིང་ས་ཁུལ་གྱི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་གལ་ཆེན་ཞིག་ཡིན་པ་དང་། སྐབས་འདིའི་དཔེ་དེབ་འགྲེམས་སྟོན་ནི་ཚེས་9ཉིན་འགོ་ཚུགས་པ་དང་དུས་ཡུན་ཉིན་10རིང་རྒྱལ་ཁབ་དང་ས་ཁུལ་46ནས་ཡོང་བའི་རྩོམ་པ་པོ་150ཞུགས་ཡོད་པ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།