འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་བོད་ལུགས་ཀྱི་ཁ་གདན་དངོས་མང་བཤམས་སྟོན་ཁང་ཐོག་མར་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་13ཉིན། 16:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་10ཉིན། བོད་ལྗོངས་ཀྱི་བོད་ལུགས་ཁ་གདན་ཐོན་རྫས་འགྲེམས་སྟོན་འགོ་ཚུགས་མཛད་སྒོ་སྐབས་དང་པོའི་ཐོག  སྲོལ་རྒྱུན་དང་དེང་རབས་འདྲེས་མའི་བོད་ལུགས་ཀྱི་ཁ་གདན་རིག་གནས་སྒྱུ་རྩལ་ཆེད་དོན་འགྲེམས་སྟོན་ལྷ་ས་རུ་ཚུགས་པ་དང་། གསར་འགོད་པས་འགྲེམས་སྟོན་བྱེད་ཡུལ་ནས་ཤེས་རྟོགས་བྱུང་གསལ་དུ། བོད་ལྗོངས་ཀྱིས་བོད་ལུགས་ཁ་གདན་དངོས་མང་བཤམས་སྟོན་ཁང་ཐོག་མར་འཛུགས་རྒྱུ་ཡིན་འདུག 
       གྲུམ་ཙེ་ནི་ལུག་བལ་རྒྱུ་ཆར་བྱས་ནས་བཟོས་པ་དང་། དེ་ལ་གཏེར་རྒྱུའི་ཚོན་བྱུགས་པ་དང་། རི་མོའི་བཀོད་པ་དམིགས་བསལ་ཅན་དང་། ཚོན་མདོག་རྣམ་པར་བཀྲ་བས། འདི་དང་ཏག་ཟིག་གི་ས་གདན། ཤར་ཕྱོགས་ཀྱི་སྒྱུ་རྩལ་ས་གདན་གསུམ་ལ་འཛམ་གླིང་གི་ས་གདན་གྲགས་ཅན་གསུམ་ཞེས་འབོད། ཁ་གདན་བེད་སྤྱོད་བྱེད་ཡུལ་རྒྱ་ཆེ་སྟེ། ཁ་གདན་དང་ས་གདན། རྒྱབ་འབོལ། འབོལ་སྟན། འགེལ་གྲུམ་སོགས་ཡོད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་འགྲེམས་སྟོན་ནི་ལོ་བརྒྱ་ཙམ་ཉར་ཚགས་བྱས་པའི་བོད་ལུགས་ཁ་གདན་དང་གསར་དུ་གཏོད་པའི་ཁ་གདན་དག་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་བཤམས་སྟོན་བྱས་ཤིང་། འགེལ་གྲུམ་དང་ས་གདན། ཁ་གདན་སོགས་རིགས་200ལྷག་ཡོད། དེའི་ཁྲོད་དུ་ལོ་ངོ་བརྒྱ་ཙམ་ཉར་ཚགས་བྱས་པའི་བོད་ལུགས་ས་གདན་100ལྷག་ཙམ་ཡོད་པ་རེད། དེའང་ལོ་རབས་མི་གཅིག་ཀྱང་རེ་རེར་ཁྱད་ཆོས་མི་འདྲ་བ་ཡོད་དེ། ཞིབ་པར་བརྟག་ན། ཉར་ཚགས་བྱས་པའི་བོད་ལུགས་ས་གདན་ལ་གནའ་བོའི་ཁྱད་ཆོས་རབ་ཏུ་ལྡན་ལ་གདན་ངོས་སུ་ཇུས་འགོད་འདྲ་མིན་སྣ་ཚོགས་བྱས་ཤིང་། སྲོལ་རྒྱུན་གྱི་རྣམ་པའི་ཐོག་དབྱིན་ཏི་ཨན་དང་ཡོ་རོབ་བྱང་མའི་རྣམ་པ་སྣོན་ཡོད་པ་རེད། 
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།