འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ལས་བྱེད་
    པ་3ལ་ཆད་པ་ཕོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་18ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་བརྡ་ཁྱབ་བཏང་ནས་ཉིང་ཁྲི་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་སྒྲིག་འགལ་ངང་ཕོགས་སྣོན་སྤྲད་པ་དང་། རྣམ་པ་འགྱུར་ནས་ཕན་བདེ་སྤྲད་པ་སོགས་ཀྱི་ཀྲུང་དབྱང་གི“གཏན་འབེབས་དོན་ཚན་བརྒྱད”ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ལ་དམིགས་ནས་ཅུས་དེའི་འགོ་ཁྲིད་ལས་བྱེད་པ་3ལ་ཆད་པ་བརྡ་ཁྱབ་བཏང་བ་རེད།
           བརྡ་ཁྱབ་ནང་མངོན་པར་གཞིགས་ན། 2014ལོའི་ཟླ་དང་པོ་ནས་2015ལོའི་ཟླ་བཞི་པའི་བར། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་ལྟོ་ཐེབས་ཆག་པ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་རེས་ཁ་གསབ་རོགས་དངུལ་སྤྲོད་པའི་མིང་ཐོག་ནས་སྒྲིག་འགལ་ངང་ཁ་གསབ་སྒོར་ཁྲི་11སྤྲད་པ་དང་། དཔེ་དེབ་ཉོ་བའི་མིང་ཐོག་ནས་མིང་འགྱུར་གྱིས་ཕན་བདེ་སྒོར་ཁྲི་8ལྷག་ཙམ་སྤྲད་པ། བོད་སྐྱོར་ལས་བྱེད་པ་ལིན་ཆེ་གེ་མོར་མི་སྒེར་གྱིས་འགན་འཁུར་དགོས་པའི་གྲོན་དངུལ་སྒོར་8300སྒྲིག་འགལ་ངང་རྩིས་ཞུ་བྱས་པ་རེད།
          བརྡ་ཁྱབ་ནང་མངོན་པར་གཞིགས་ན། 2014ལོའི་ཟླ་12པར་ཉིང་ཁྲི་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཏང་ཙུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་གི་འགན་འཁུར་མཁན་ལིའུ་ཤང་ཏུང་(ལས་འཁྱུར་ངལ་གསོ་བརྒྱབ་པ)གིས་གཞུང་དངུལ་སྤྱད་དེ་རིན་ཐང་སྒོར་ཁྲི་8.9ལྷག་ཙམ་ཟིན་པའི་ཡུལ་ཟོག་ཉོས་ནས་ཁ་གཏད་བོད་སྐྱོར་ཚན་པར་སྤྲད་པ་དང་། རྩ་འཛུགས་ཀྱི་ཞིབ་བཤེར་དང་ལེན་བྱེད་སྐབས་ལིའུ་ཤང་ཏུང་གིས་རྩ་འཛུགས་ལ་གནས་ཚུལ་རྫུས་མ་ཞུས་ནས་རྩ་འཛུགས་ཀྱི་ཞིབ་བཤེར་དང་ལེན་བྱས་མེད་པ་རེད།
          2016ལོའི་ཟླ་10པར་ཉིང་ཁྲི་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་གཞོན་པ་ཟླ་བ་བཀྲ་ཤིས་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་དང་། ཉིང་ཁྲི་གྲོང་ཁྱེར་སྡོད་ཁང་གྲོང་ཁྱེར་དང་གྲོང་གསེབ་འཛུཌ་སྐྲུན་ཅུས་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་ལིའུ་ཤང་ཏུང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་པ་། ལྟ་སྐུལ་འགན་འཁྲི་འཁུར་རྒྱུ་མི་འདང་བའི་དབང་གིས་ཉིང་ཁྲི་གྲོང་ཁྱེར་སྡོད་ཁང་འཛུཌ་སྐྲུན་ཅུས་ཏང་ཙུའི་ཁོངས་མི་སྒྲིག་བཤེར་ཙུའུ་ཀྲང་ཡོན་ཏུང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།