འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ལོ་འཁོར་མོར་གློག་ཤུགས་ཐད་ཚོང་བྱེད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་200
    ལས་ཐོག་མར་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་18ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་མཚོ་སྔོན་ཞིང་ཆེན་གྱིས་ལོ་འཁོར་མོར་གློག་ཤུགས་ཐད་ཚོང་བྱེད་པའི་ནང་གློག་གཏོང་ཁེ་ལས་220དང་སྤྱོད་མཁན་ཆེ་གྲས་52ད་ཐེངས་ཀྱི་ཉོ་ཚོང་ནང་ཞུགས་ཡོད་པ་དང་། གློག་ཤུགས་ཐད་ཚོང་ཆན་ཝ་ཆུ་ཚོད་དུང་ཕྱུར་234ཟིན་པ་དེ་2016ལོའི་ལོ་འཁོར་མོའི་གློག་ཤུགས་ཐད་ཚོང་བསྡོམས་འབོར་ཆན་ཝ་ཆུ་ཚོད་དུང་ཕྱུར་117ལས་མང་དུ་ཕྱིན་ཡོད་པ་རེད།
            མཚོ་སྔོན་གློག་ཤུགས་ཉོ་ཚོང་ལྟེ་གནས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧྥན་ཁེ་ཝུའེ་ཡིས། 2017ལོར་2016ལོའི་གློག་ཤུགས་ཐད་ཚོང་བྱེད་ཚད་དང་བསྡུར་ན། སྔར་བས་རྒྱ་ཆེར་ཕྱིན་ནས་ལོ་འཁོར་གཙོ་བོར་བྱེད་པ་དང་། དུས་ཚིགས་དང་ཟླ་འཁོར་ཕལ་པར་བྱེད་པ། གཟའ་འཁོར་གྱི་ཉོ་ཚོང་ཁ་གསབ་ཏུ་བྱེད་པའི་རྣམ་པའི་ཐོག་ནས་གློག་ཤུགས་ཉོ་ཚོང་གི་ལས་སྟེགས་ནུས་པ་འདོན་སྤེལ་བྱས་ཏེ་གློག་སྤྱོད་མཁན་དང་གློག་གཏོང་ཁེ་ལས་སོགས་ཁྲོམ་རའི་བྱེད་པོར་ཞབས་ཞུ་ཡག་པོ་ཞུས་པ་དང་། ཁྲོམ་ར་ཅན་གྱི་རྩ་དོན་དང་བྱེད་ཐབས་གཞིར་བཟུང་ནུས་རྒྱུ་ལུགས་མཐུན་ངང་སྤྱོད་པ་དང་བཀོད་སྒྲིག་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྣེ་ཁྲིད་བྱེད་པ། མཚོ་སྔོན་གྱི་དྭངས་གཙང་ནུས་རྒྱུ་ནུས་ལྡན་ངང་སྤྱོད་རྒྱུར་སྐུལ་མ་གཏོང་བ་བཅས་ཀྱི་ནུས་རྒྱུ་འཕེལ་རྒྱས་གཏོང་ཐབས་དེ་ལྗང་མདོག་ཐཱན་ཉུང་དུ་ཕྱོགས་སྒྱུར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།