འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས“གསང་སྤྱོད་སྒྱུར་བཀོད”ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་18ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། 2017ལོར་བོད་ཀྱིས“གསང་སྤྱོད་སྒྱུར་བཀོད”ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མ་རྩ་སྒོར་དུང་ཕྱུར་12བཏང་སྟེ་བོད་དུ་གསང་སྤྱོད་2000འཛུགས་སྐྲུན་དང་སྒྱུར་བཅོས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་དང་ཡུལ་སྐོར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།
             བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་བསོད་ནམས་ཉི་མས། གསང་སྤྱོད་2000དེ་དག་མཛེས་ལྗོངས་ཁུལ་དང་། གཞུང་ལམ་ཨ་མའི་ལམ་རྒྱུད། ཡུལ་སྐོར་བ་དང་ས་གནས་མང་ཚོགས་འདུས་སྡོད་ཆེ་བའི་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་བཅས་སུ་བསྐྲུན་རྒྱུ་ཡིན་པ་དང་། གསར་སྐྲུན་དང་བསྐྱར་སྐྲུན་བྱ་རྒྱུའི་གསང་སྤྱོད་ཀྱི་འཆར་འགོད་ས་ཆ་དང་། ཕྱིའི་བཀོད་པའི་ཇུས་འགོད། ལག་རྩལ་ཚད་གཞི་གཏན་འཁེལ་བཅས་ཀྱི་ལས་དོན་ཚང་མ་ན་ནིང་ནས་འགོ་ཚུགས་ཟིན་ཞེས་གསུངས་པ་རེད།
           མ་གཞི་སྤྱི་པའི་གསང་སྤྱོད་དེ་ཁང་ཆུང་ཞིག་ཡིན་མོད། བོད་ཀྱིས་སྨི་ངོས་གྲུ་འགའི་ཁང་ཆུང་དེ་འཛུགས་སྐྲུན་བྱ་རྒྱུར་བསམ་བློ་མང་པོ་བཏང་ནས་ཡུལ་བབ་ལ་བསྟུན་པ་ལས་ཚང་མ་གཅིག་མཚུངས་བྱེད་མི་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
           གསར་འགོད་པས་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར། བོད་ཀྱི་ས་གནས་ཁག་གིས་ས་གནས་དེ་གའི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་སྤྱི་པའི་གསང་སྤྱོད་འཛུགས་སྐྲུན་བྱ་རྒྱུར་འཚོལ་ཞིབ་བྱེད་འགོ་ཚུགས་ཟིན་ཞིང་། གྲ་ནང་རྫོང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཀྲོའུ་ཞོལ་ལེང་གིས་གསར་འགོད་པར། འབྱུང་འགྱུར་གྱི“རེ་འདུན་གསང་སྤྱོད”དེ་སྒུལ་སྐྱོད་ཆོག་པ་དང་། རྒྱ་ཁྱོན་ཆུང་བ། ལྦུ་བས་ཆུ་བཤལ་གཏོང་ཆོག་པ། གཤང་གཅི་ཐུམ་བརྒྱབ་ནས་ལུད་བྱེད་ཆོག་པ་བཅས་ཡིན་དགོས་པའི་སྐོར་བཤད་བྱུང་།
            བོད་ལྗོངས་མངའ་རིས་ས་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་མཚོ་མོས། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་གནས་སའི་སེང་གེ་ཁ་འབབ་གྲོང་རྡལ་གྱི་གསང་སྤྱོད་མང་ཆེ་བ་ན་ནིང་ནས་ཆུ་བཤལ་གཏོང་ཆོག་པའི་གསང་སྤྱོད་དུ་སྒྱུར་བཀོད་བྱས་པ་དང་། སྒྱུར་བཀོད་ཟིན་རྗེས་མང་ཚོགས་ཚོར་དེ་བས་གཙང་སྦྲ་དོད་པའི་ཁོར་ཡུག་སྤྱོད་རྒྱུ་བྱུང་བ་མ་ཟད། འཕྲོད་བསྟེན་གོམས་གཤིས་ཀྱང་ཡག་ཏུ་ཕྱིན་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།