འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཧན་གོའི་སིལ་ཚོང་མཁན་གྱིས་བྲིན་སྐུལ་བྱེད་ཐབས་སྣ་ཚོགས་སྤྱད་ནས་ཀྲུང་གོའི་ཡུལ་སྐོར་
    བའི་ཡིད་དབང་བཀུག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་18ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཧན་གོའི་བརྒྱ་ཟོག་ཀུང་སི་ཁག་གིས་མིག་སྔར་བྲིན་སྐུལ་བྱེད་ཐབས་སྣ་ཚོགས་སྤྱོད་པའི་དམིགས་ཡུལ་ནི་ཀྲུང་གོའི་ཡུལ་སྐོར་བས་དཔྱིད་གསར་དུས་ཆེན་རིང་ཧན་གོར་འཛད་སྤྱོད་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་ཆེད་ཡིན།
           ཚེས་16ཉིན་ཧན་གོ་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་ཧན་གོའི་ཡུལ་སྐོར་སྡེ་ཚན་གྱི་གྲངས་གཞི་དྲངས་ནས་གནས་ཚུལ་སྤེལ་བའི་ནང་འདི་ལོའི་དཔྱིད་གསར་དུས་ཆེན་རིང་སྔོན་དཔག་བྱས་ན་ཀྲུང་གོའི་ཡུལ་སྐོར་བ་ཧ་ལམ་ཁྲི་14ཙམ་ཧན་གོར་ཡུལ་སྐོར་དུ་བསྐྱོད་རྒྱུ་ཡིན་པ་དེ་དུས་མཚུངས་ལས་4.5%འཕར་རྒྱུ་རེད་ཅེས་འཁོད་ཡོད།
           ཧན་གོ་འཛམ་གླིང་གསར་པའི་བརྒྱ་ཟོག་གིས་དངུལ་ཁང་མཉམ་འབྲེལ་གཱ་སྤྱད་ནས་ཧན་སྒོར་ཁྲི་50(ཨ་སྒོར་ལ་ཕབ་ན་སྒོར་424ཙམ)གྱི་ཚོང་ཟོག་ཉོ་མཁན་ཕྱི་རྒྱལ་འཛད་སྤྱོད་པ་ཡིན་ཕྱིན་ཧན་སྒོར་ཁྲི་2.5(ཨ་སྒོར་ལ་ཕབ་ན་སྒོར་21ཙམ)རི་བའི་གཟིགས་སྐྱོང་འཛིན་ཤོག་གཅིག་ཐོབ་ཐུབ་པ་མ་ཟད། ཕྱི་རྒྱལ་ཡུལ་སྐོར་བས་ད་དུང་འཛམ་གླིང་གསར་པའི་བརྒྱ་ཟོག་སྤྱི་ཁྱབ་པུའུ་རུ་ཡིག་སྒྱུར་དང་། ཁྲལ་དངུལ་ཕྱིར་སློག ཕྱི་རྒྱལ་དུ་སྦྲག་བསྐུར་སོགས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།