འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མཁའ་འགྲུལ་གྱིས་མཁའ་ལམ་6གསར་དུ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་18ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། བོད་ལྗོངས་མཁའ་འགྲུལ་གྱིས་དཔྱིད་གསར་སྐྱེལ་འདྲེན་རིང་མཁའ་ལམ་6གསར་དུ་བཏོད་པ་དང་་དང་སླར་གསོ་བྱས་ཏེ་བོད་དུ་འོང་བ་དང་བོད་ནས་ཐོན་པའི་འགྲུལ་པ་སྟབས་བདེ་ཡོང་རྒྱུའི་འགན་ལེན་བྱས་པ་རེད།
           མཁའ་ལམ་6པོ་དེ་དག་ནི་ཁྲེང་ཏུའུ་ནས་དབན་ཀྲོའུ་བརྒྱུད་ཧའར་པིན་བར་དང་། ཀུའེ་དབྱང་ནས་ཧའེ་ཁོ་བར། ཁྲེང་ཏུའུ་ནས་ཟི་ལིང་བར། ལྷ་ས་ནས་ཏ་ཀྲོའུ་བརྒྱུད་ཧྲེན་ཀྲེན་བར། ལྷ་ས་ནས་མན་དབྱང་བརྒྱུད་ཧྲེན་ཀྲེན་བར། ལྷ་ས་ནས་ཟི་ལིང་བརྒྱུད་ཆིང་ཏའོ་བར་བཅས་རེད།
            བོད་ལྗོངས་མཁའ་འགྲུལ་གྱི་འབྲེལ་ཡོད་འགན་ཁུར་བས་2017ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། བོད་དང་འབྲེལ་བའི་མཁའ་ལམ་ཐོག་གི་འགྲུལ་པར“དུས་ཆེན་གོང་བོད་ནས་གཅིག་སྡུད་ཐོག་ཐོན་པ་དང་དུས་ཆེན་ཚར་རྗེས་བོད་དུ་གཅིག་སྡུད་ཐོག་ལོག་པའི”ཁྱད་ཆོས་མངོན་ཡོད། གཞན་ཡང་འདི་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དབར་དུས་ཚོད་ཧེ་བག་ཟླ་བ་གཅིག་ཙམ་ཡོད་པས། འགྲུལ་པ་བོད་དུ་གཅིག་སྡུད་ཐོག་ལོག་པའི་གནས་ཚུལ་ཟླ་གསུམ་པའི་ཟླ་འགོ་བར་རྒྱུན་མཐུད་བྱ་རྒྱུ་དང་། སྤ་སེ་ཕྱིར་ཚོང་ཐད་རྒྱུན་མཐུད་ཛ་དྲག་གི་རྣམ་པ་ཐོན་རྒྱུ་རེད་ཅེས་བཤད་པ་རེད།
           བོད་ལྗོངས་མཁའ་འགྲུལ་གྱིས་དཔྱིད་གསར་སྐྱེལ་འདྲེན་ནས་བོད་ཀྱི་ལོ་གསར་བར་བོད་དང་འབྲེལ་བའི་མཁའ་ལམ་གྱི་གནམ་གྲུའི་སྤ་སེ་དཀོན་པས། འགྲུལ་པ་ཚོས་ཕྱོགས་ཐོན་འཆར་གཞི་གཏན་འཁེལ་བྱས་རྗེས། སྤ་སེ་སྔོན་ཚུད་ནས་ཉོ་དགོས། གཞན་ཡང་། མངའ་རིས་དང་ཆབ་མདོ་སོགས་སུ་གངས་བབས་པ་དང་གནམ་ཐང་དུ་དར་ཆགས་པ་སོགས་ཀྱི་རྐྱེན་པས། སྔོན་གཏན་འཁེལ་བའི་འཕུར་སྐྱོད་དུས་ཚོད་ཕྱིར་འགྱངས་བྱེད་སྲིད། དེར་བརྟེན་འགྲུལ་པ་ཚོས་གནམ་གྲུ་བརྗེ་བའི་སྤ་སེ་གཞན་དག་ཉོ་སྐབས་དེ་གཉིས་དབར་དུས་ཚོད་ཧེ་བག་ཆུ་ཚོད་བཞི་ཡན་ཡོད་པའི་ལམ་ཐིག་འདེམས་དགོས་པའི་དྲན་སྐུལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།