འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས“བོད་རིགས་ས་ཁུལ་ལ་ཁེ་ལས་སྟོང་དང་ལས་གནས་ཁྲི་གཏོད་པའི”ལས་
    ཞུགས་བོད་སྐྱོར་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་18ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་གྱིས་ན་ནིང་ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྣེ་ཁྲིད་དང་ལས་ཞུགས་ཐབས་ལམ་ཡངས་སུ་ཧུར་ཐག་བཏང་ནས་གྲོང་གསེབ་ཀྱི་ངལ་ནུས་མི་ཐེངས་ཁྲི་352.62གསར་དུ་གསོ་སྦྱོང་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་44.79གསར་དུ་ལས་ཞུགས་ཐུབ་པ་བྱས་པ་དང་། ལས་གཏོད་དངུལ་བུན་སྒོར་དུང་ཕྱུར་127གསར་དུ་བཏང་ནས་ཁྱོན་མི་ཁྲི་15.1ལས་གཏོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད།
           གསར་འགོད་པས་ཡུན་ནན་ཞིང་ཆེན་མི་ཤུགས་སྤྱི་ཚོགས་འཐིང་ནས་ཤེས་རྟོགས་བྱས་པར། 2016ལོར་ཡུན་ནན་ཞིང་ཆེན་གྱིས་ཐོན་ནུས་ལྷག་མ་མེད་པ་རིང་། ལས་བཟོ་བཀོད་སྒྲིག་ལས་དོན་ཡག་པོ་བྱས་པ་བརྒྱུད། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་ཞབས་འདེགས་ཞུས་ནས་ལས་བཟོ་མི་ཁྲི་3.4ཁག་དབྱེ་བཀོད་སྒྲིག་བྱས་པ་དང་། “གནས་ཁྱར་དང་། འགན་གཙང། རོགས་རམ”དང“སྒྱུར་བསྐྱོད་བཅར”སོགས་ཀྱི་བྱེད་སྒོ་སྤེལ་ནས། དབུལ་སྒྲོལ་འགག་སྒྲོལ་ལ་ཞབས་འདེགས་ཞུས་པ་དང་གྲོང་གསེབ་ཀྱི་ངལ་ནུས་མི་ཐེངས་ཁྲི་352.62གསར་དུ་གསོ་སྦྱོང་བྱས་པས། རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་ངལ་ནུས་མི་ཐེངས་ཁྲི་1036.3ལས་ཞུགས་གཞན་སྒྱུར་ཐུབ་ཡོད།
           ན་ནིང་ཡུན་ནན་ཞིང་ཆེན་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་44.79གསར་དུ་ལས་ཞུགས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་ཁྲི་13.41བསྐྱར་དུ་ལས་ཞུགས་ཐུབ་པ་དང་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་ཁྲི་11.01ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3.6%ནང་ཚུན་དུ་ཚོད་འཛིན་བྱས་པས། ལས་ཞུགས་དུས་བབ་བརྟན་པོའི་ངང་ལེགས་སུ་འགྲོ་བའི་རྣམ་པ་ཐོན་ཡོད།
           མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཐད། ཡུན་ནན་ཞིང་ཆེན་གྱིས་མཐོ་སློབ་ཀྱི་ཆེད་དོན་ལས་ཞུགས་འདུ་ཚོགས་འཚོགས་པ་དང་། སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་ཟླ་བ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། ལས་གནས་ཁྲི་1.4ལྷག་ཙམ་མཁོ་འདོན་བྱས་པ་དང་རྒྱབ་སྐྱོར་རོགས་དངུལ་སྒོར་ཁྲི་1375.8སྤྲད་དེ། མི་4853ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པས། ཞིང་ཆེན་དེ་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལོ་མཇུག་ཏུ་ལས་ཞུགས་ཐུབ་ཚད་96.7%ཟིན་ཡོད།
            ལས་ཤོར་མི་སྣ་དང་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་ཚོགས་བསྐྱར་དུ་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱེད་པའི་ཐད། ཡུན་ནན་ཞིང་ཆེན་གྱིས་སྤྱི་ཕན་ལས་གནས་གསར་སྤེལ་གྱིས་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་ཁྲི་4.64བཀོད་སྒྲིག་བྱས་པ་དང་། ལས་ཞུགས་མེད་པའི་དུད་ཚང་1786བབ་བསྟུན་ངང་ལས་ཞུགས་ཐུབ་པ་དང་། དཀའ་ངལ་ཡོད་པའི་ས་ཁུལ་དུ་ལས་ཞུགས་རོགས་སྐྱོར་ཆེད་དོན་བྱ་སྤྱོད་ཧུར་ཐག་སྤེལ་ནས“བོད་རིགས་ས་ཁུལ་དུ་ཁེ་ལས་སྟོང་དང་ལས་གནས་ཁྲི་གཏོད་པའི”ལས་ཞུགས་བོད་སྐྱོར་བྱེད་སྒོ་སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།