འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཁ་ན་ཏའི་མཁས་དབང་གིས་ཧྲང་ཧའེ་རང་མོས་ཉོ་ཚོང་ཁུལ་བཙུགས་རྒྱུ་དེ་མ་འོངས་སྔོན་
    མཐོང་ཞིག་ཡིན་པའི་ངོས་འཛིན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་18ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཏུའོ་ལུན་ཏུའོ་སློབ་ཆེན་མང་ཁེ་གོ་ལ་ཧྲིལ་པོའི་ལས་དོན་ཞིབ་འཇུག་སློབ་མ་ཁང་གི་ཆབ་སྲིད་རིག་པའི་དགེ་རྒན་ཆེ་མོ་ཧོའར་ཏུན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས་ཧྲང་ཧའེ་ནི་འཕེལ་རྒྱས་གཏོང་གཞི་ཆེ་ཞིང་གོ་ལ་ཧྲིལ་པོར་ཡིད་དབང་འཕྲོག་ཤུགས་ལྡན་པའི་གྲོང་ཁྱེར་ཞིག་ཡིན་པས་ཧྲང་ཧའེ་ལ་རང་མོས་ཉོ་ཚོང་ཁུལ་བཙུགས་རྒྱུ་ཤིན་ཏུ་འཚམས་པ་ཞིག་ཡིན་ཞེས་བཤད།
            ཧོའར་ཏུན་ནི་ཁ་ན་ཏའི་རྒྱལ་ཁབ་བརྒྱད་ཚོགས་པ་(G8)དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་(G20)ཞིབ་འཇུག་ཚོགས་ཆུང་གི་སྲོལ་གཏོད་པ་དང་གཙོ་འགན་པའང་ཡིན། 2000ལོ་ནས་བཟུང་ཁོང་གིས་ཀྲུང་གོར་སྔ་རྗེས་སུ་འཚམས་འདྲི་ཐེངས་དྲུག་བྱས་པའི་ནང་ཧྲང་ཧའེ་ལ་ཐེངས་གསུམ་ཡོང་ནས་དེར་བག་ཆགས་ཟབ་མོ་བྱུང་ཡོད།
            ཧོའར་ཏུན་གྱིས་ཧྲང་ཧའེ་ལ་གྲུ་ཁ་ཡག་པའི་ཁར་དངུལ་རྩའི་ལྟེ་གནས་ཡོད་པ་མ་ཟད། རྨང་གཞིའི་སྒྲིག་བཀོད་ཀྱང་ཆ་ལག་ཚང་པོ་ཡོད་པས་ཧྲང་ཧའེ་ལ་རང་མོས་ཉོ་ཚོང་ཁུལ་བཙུགས་པ“ཤིན་ཏུ་འཚམ་པ་ཞིག་ཡིན”ཞེས་དང་། ཡང་ཁོང་གིས་ཕྱོགས་བཞི་མཚམས་བརྒྱད་ལ་བགྲོད་པའི་ཧྲང་ཧའེ་ཡི་ས་འོག་མེ་འཁོར་སྐོར་གླེང་ནས་ཧྲང་ཧའེ་ཡི་ས་འོག་མེ་འཁོར་ནང་སྐད་ཡིག་གཉིས་སྦྱར་བ་དེས་ཕྱི་རྒྱལ་གྱི་ཡུལ་སྐོར་བར་སྟབས་ཧ་ཅང་བདེ་པོ་བྱུང་ཚུལ་ལ་བསྔགས་བརྗོད་དང་འབྲེལ་ཞབས་ཞུ་དེ་འདྲ་ཏུའོ་ལུན་ཏུའོ་ལ་ཁྱབ་གདལ་བཏང་ནས་སྣ་མང་ཅན་གྱི་རྒྱལ་ཁབ་ཡིན་པའི་ཁ་ན་ཏའི་མི་དམངས་ལ་སྟབས་བདེ་ཆེན་པོ་ཡོང་སྐྲུན་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།
            ཧོའར་ཏུན་གྱིས་ཧྲང་ཧའེ་རང་མོས་ཉོ་ཚོང་ཁུལ་བཙུགས་པ་ནི་འགོ་ཡག་པོ་ཞིག་ཡིན། ཧྲང་ཧའེ་རང་མོས་ཉོ་ཚོང་ཁུལ་གྱི་འབྲེལ་ཡོད་སྲིད་ཇུས་ལག་ལེན་བསྟར་བ་ནས་བཟུང་ཁ་ན་ཏ་ཚུད་པའི་རྒྱལ་ཁབ་མང་པོས་ཀྲུང་གོ་དང་དཔལ་འབྱོར་ཉོ་ཚོང་འབྲེལ་བ་ཡག་པོ་རྒྱུན་འཁྱོངས་བྱ་རྒྱུའི་བརྩོན་ལེན་ཧུར་ཐག་བྱེད་ལ། འབྱུང་འགྱུར་ལའང་ཀྲུང་གོ་དང་གཉིས་ཕན་སྔར་ལས་མང་བ་ཡོང་བའི་ཕྱོགས་གཉིས་པོའི་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུའི་རེ་བ་ཡོད། དཔེར་ན། ཁ་ན་ཏས་ཀྲུང་གོས་གྲོས་འགོ་བཏོན་ཏེ་བཙུགས་པའི་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ནང་ཞུགས་པའི་འདུན་ཞུ་བྱ་རྒྱུའི་ཐག་བཅད་པ་ནི་བརྡ་རྟགས་མངོན་གསལ་དོད་པོ་ཞིག་ཡིན་པ་ལྟ་བུ་རེད་ཅེས་ངོས་འཛིན་བྱས།
      

    ཕྱོགས་བསྡུས་གསར་འགྱུར།