འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་དེ“ལོ་རྒྱུས་ཐོག་གི་ནན་ཤོས་སུ”སླེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་11ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། 2016ལོར། བོད་རང་སྐྱོང་ལྗོངས་ཆུ་དཔྱད་དང་ཆུའི་ཐོན་ཁུངས་རྩད་ཞིབ་ཅུས་ཀྱིས་ཚད་བརྒལ་ངང་ལྟ་ཞིབ་ཚད་ལེན་ཡོ་ཆས་60ཉོས་ནས་ས་འོག་ཆུར་ལྟ་ཞིབ་ཚད་ལེན་བྱས་པ་དེ་རང་ལྗོངས་ཀྱི་མངའ་རིས་ས་ཁུལ་དང་ཆབ་མདོ་གྲོང་ཁྱེར་ཕུད་པའི་གྲོང་ཁྱེར་(ས་ཁུལ)5ལ་ཁྱབ་པ་དེ་ནི་བོད་ཀྱིས་2013ལོར་བཟོ་བཅོས་བྱས་པའི་《བོད་རང་སྐྱོང་ལྗོངས་ཀྱི་〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས་〉ལག་བསྟར་བྱ་ཐབས་》གཞིར་བཟུང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྣོད་བཅུད་དམར་ཐིག་ནན་པོ་བཟོས་ཐོག་བོད་ཀྱི་ཆུ་དྭངས་རི་སྔོ་སྲུང་སྐྱོང་བྱེད་པའི་བྱེད་ཐབས་རབ་དང་རིམ་པའི་གྲས་ཤིག་ཡིན་པ་རེད།
             བོད་ཀྱི་དེ་སྔའི་ཆུ་ཁྲིམས་ལག་བསྟར་བྱ་ཐབས་དང་ས་ཆུ་སྲུང་འཛིན་བཅའ་ཁྲིམས་ལག་བསྟར་བྱ་ཐབས་དེ་དུས་རབས་གོང་མའི་ལོ་རབས་90པའི་དུས་དཀྱིལ་དང་དུས་མཇུག་ཏུ་བཟོས་ནས་ས་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་ལུགས་མཐུན་ངང་སྤྱོད་པའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་དེ་སྔའི་ཁྲིམས་སྲོལ་གྱིས་དུས་བབ་གསར་པའི་འོག་བོད་ཀྱི་ཆུའི་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་དང་ས་ཆུ་སྲུང་འཛིན་གྱི་དགོས་མཁོ་རྦད་དེ་སྐོང་ཐུབ་ཀྱི་མེད། 2013ལོར་རང་རྒྱལ་གྱིས་གསར་དུ་བཟོ་བཅོས་བརྒྱབ་པའི་ཆུ་ཁྲིམས་དང་ས་ཆུ་སྲུང་འཛིན་བཅའ་ཁྲིམས་དང་ཟུང་འབྲེལ་གྱིས་བོད་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གོང་གསལ་གྱི་ཁྲིམས་སྲོལ་དེ་གཉིས་ལ་ཕྱོགས་ཡོངས་ནས་བཟོ་བཅོས་བརྒྱབ་པ་རེད།
             གསར་དུ་བཟོ་བཅོས་བརྒྱབ་པའི་ཆུ་ཁྲིམས་ལག་བསྟར་བྱ་ཐབས་ཀྱིས་རིམ་ཁག་སྲིད་གཞུང་དང་སྲིད་འཛིན་གཙོ་གཉེར་སྡེ་ཚན་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁྲི་སྔར་བས་ཁ་གསལ་བཟོས་པ་དང་། ཆུའི་ཐོན་ཁུངས་གྲོན་ཆུང་གཏན་འབེབས་ཁ་གསལ་བྱས་པ། འཐུང་ཆུའི་བདེ་འཇགས་ཀྱི་ནང་དོན་འཐུས་སྒོ་ཚང་དུ་བཏང་བ། འཐུང་ཆུའི་འཕྲལ་སྡོམ་ལམ་སྲོལ་གཏན་འབེབས་བཅས་བྱས་པ་མ་ཟད། ད་དུང་ཆུ་ཤུགས་གློག་ཁང་ཆེ་གྲས་དང་འབྲིང་གྲས་ཀྱིས་གློག་གཏོང་ཚད་གཞིར་བཟུང་ཆུའི་ཐོན་ཁུངས་ཀྱི་འགྲོ་གྲོན་སྐྱེལ་དགོས་པ་ཧ་ཅང་ཁ་གསལ་བཟོས་པ་དང་ཆུའི་ཐོན་ཁུངས་རིན་དོད་ཡོད་པའི་བེད་སྤྱོད་གཏན་འབེབས་ཁྲིམས་ལྟར་ཤུགས་ཆེར་བཏང་ནས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་ཆོད་སེམས་མངོན་པ་བྱས་ཡོད།
              སྔོན་འགོག་གཙོ་བོར་བྱེད་པ་དང་སྲུང་སྐྱོང་སྔོན་ལ་བྱེད་པའི་རྩ་དོན་མངོན་པ་བྱ་ཆེད། གསར་དུ་བཟོ་བཅོས་བརྒྱབ་པའི་ས་ཆུ་སྲུང་འཛིན་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་དོན་ཚན་བཅོ་བརྒྱད་པའི་ནང་གསེས་གསུམ་པའི་ནང“ཞིང་འབྲོག་ཁུལ་དུ་བསྐྱར་སྐྱེའི་ནུས་རྒྱུ་གསར་པ་ཁྱབ་གདལ་ཧུར་ཐག་བཏང་ནས་ས་ཆུ་མི་ཤོར་སྔོན་འགོག་གཙོ་བོ་བྱེད་པའི་ཁུལ་དུ་སྡོང་ཕྲན་གཅོད་པ་སོགས་ལས་བཟོ་སྲིད་པའི་ས་ཆུ་ཤོར་བའི་བྱེད་སྤྱོད་གཏན་འགོག་གིས་སྔོ་ཁེབས་སླར་གསོ་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས་པའི”གཏན་འབེབས་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།