འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ནང་གི་དྲ་ཐོག་ཚོང་པའི་ལས་སྟེགས་ཀྱིས་ཚོང་ཟོག་རྫུས་མ་འཚོང་མཁན་སྦྱིན་བདག་ཁྲིམས་
    ལ་སྦྱར་བའི་གྱོད་གཞི་ཐོག་མར་གྱོད་ཐོ་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་11ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱེད་པའི་རྒྱལ་ནང་གི་དྲ་ཐོག་ཚོང་པའི་ལས་སྟེགས་ཀྱི་ཚོང་ཟོག་རྫུས་མ་འཚོང་མཁན་སྦྱིན་བདག་ཁྲིམས་ལ་སྦྱར་བའི་གྱོད་གཞི་ཐོག་མ་དེར་འཕེལ་རིམ་གསར་པ་བྱུང་ནས་གོང་ཚེས་ཉིན་ཨ་ལི་པ་པ་ཡིས་དངོས་སུ་བརྡ་ཁྱབ་བཏང་སྟེ་ཧྲེན་ཀྲེན་གྲོང་ཁྱེར་ལུང་ཀང་ཆུས་ཁྲིམས་ཁང་གིས་གྱོད་ཐོ་བཀོད་པ་གཏན་འཁེལ་བྱས་པ་རེད། ཨ་ལི་པ་པ་ཡིས“ལས་སྟེགས་ཀྱི་ཚོང་ཟོག་རྫུས་མ་བཙོང་མི་ཆོག་པའི་ཁ་ཆད་ལས་འགལ་བ་དང་ལས་སྟེགས་ཀྱི་མཚན་སྙན་ལ་གནོད་འཚེ་བཏང་བ”རྒྱུ་མཚན་དུ་བྱས་ཏེ་ཧྲེ་ཧྭ་ལུའོ་ཧྲེ་ཆིའི་ཆུ་ཚོད་རྫུས་མ་འཚོང་མཁན་དྲ་ཐོག་ཚོང་ཁང་ཞིག་གི་སྦྱིན་བདག་ཁྲིམས་ལ་སྦྱར་ནས་གྱོང་གསབ་མི་དམངས་ཤོག་སྒོར་ཁྲི་140དགོས་ཞེས་བཤད།
        ཨ་ལི་པ་པའི་ལས་སྟེགས་བཅོས་སྒྲིག་དབུ་བཞུགས་དཔོན་ཀྲེང་ཅུན་ཧྥང་གིས“གྱོད་གཞི་དེ་འགོ་ཚུགས་པ་ཙམ་རེད། མིག་སྔར་ཞུ་གཏུག་གི་འཆར་གཞི་རིང་པོ་ཞིག་བཀོད་ཟིན། འཆར་གཞི་དེའི་ནང་གན་རྒྱའི་ཁ་ཆད་ལས་འགལ་བ་དང་ལས་སྟེགས་ཀྱི་མཚན་སྙན་ལ་གནོད་འཚེ་བཟོ་བ་རྒྱུ་མཚན་དུ་བྱས་ཏེ་དམངས་དོན་གཏུག་བཤེར་བརྒྱུད་ནས་ཚོང་ཟོག་རྫུས་མ་འཚོང་མཁན་སྦྱིན་བདག་ལ་སྐྱིན་ཚབ་སྤྲོད་དུ་འཇུག་རྒྱུ་ཡིན། ཨ་ལི་པ་པའི་དྲ་ཐོག་ཚོང་པའི་ལས་སྟེགས་སུ་ཚོང་ཟོག་རྫུས་མ་འཚོང་མཁན་གྱི་ཚོང་ཁང་ལ་སྣ་སུན་ཞིག་སྤྲོད་རྒྱུ་ཡིན་ཞེས་བཤད།
        དུས་མཚུངས་ཨ་ལི་པ་པ་ཡིས“ང་ཚོར་ཐོབ་པའི་སྐྱིན་གསབ་དངུལ་ཚང་མ་ཆེད་དོན་ཐེབས་རྩ་ཞིག་བཙུགས་ནས་འཛད་སྤྱོད་པའི་ཁ་གསབ་དང་སྲུང་སྐྱོང་སོགས་ལ་སྤྱོད་རྩིས་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།