འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སྙན་ཞུའི་ནང་ན་ནིང་ཀྲུང་གོ་ནི་འཛམ་གླིང་གི་ནུས་རྒྱུ་གསར་པའི་ཁྲོམ་རའི་སྣེ་འདྲེན་པར་གྱུར་
    ཡོད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་11ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཨ་རིའི་ནུས་རྒྱུ་དཔལ་འབྱོར་དང་དངུལ་རྩ་དབྱེ་ཞིབ་ཞིབ་འཇུག་ཁང་གིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་མངོན་པ་ལྟར་ན། 2016ལོར་ཀྲུང་གོས་ཕྱི་རྒྱལ་དུ་ནུས་རྒྱུ་གསར་པའི་མ་འཇོག་བྱེད་ཚད་60%ཆེས་ཆེར་འཕར་ནས་ཨ་སྒོར་དུང་ཕྱུར་320རུ་སླེབས་པའི་ཟིན་ཐོ་གསར་པ་བཏོད་པ་དང་། གོ་ལ་ཧྲིལ་པོའི་ནུས་རྒྱུ་གསར་པའི་ཁྲོམ་རའི་ཁྲོད་ཨང་དང་པོར་སླེབས་ཡོད་པ་རེད།
              ཞིབ་འཇུག་ཁང་དེའི་སུའོ་ཀྲང་ཏི་མུའུ·པ་ཁེ་ལིས“ནུས་རྒྱུ་གཙང་མའི་ཁྲོམ་ར་དར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད། ཁྲོམ་རའི་བགོ་སྐལ་སྔར་བས་ཆེ་བ་ལེན་པའི་འགྲན་བསྡུར་ནང་ཨ་རི་ནི་རྦད་དེ་ཀྲུང་གོའི་རྗེས་སུ་ལུས་ཡོད”ཅེས་བཤད།
             རྒྱལ་སྤྱིའི་བསྐྱར་སྐྱེའི་ནུས་རྒྱུ་སྒྲིག་གཞིས་ཚོད་རྩིས་བྱས་པར་གཞིགས་ན། གོ་ལ་ཧྲིལ་པོའི་ནུས་རྒྱུ་གསར་པའི་ཁྱབ་ཁོངས་ཀྱི་ལས་ཞུགས་ལས་གནས་ཁྲི་810ཡི་ནང་ནས་ཁྲི350ནི་ཀྲུང་གོས་བཏོད་པ་ཡིན་ལ་ཨ་རིས་ཁྲི་80ཙམ་ལས་བཏོད་མེད་པ་རེད།
            ཧྥ་རན་སེའི་ཤིན་ཧྭ་གསར་འགྱུར་ཁང་གིས་ཧྥ་ལན་ཁེ་ཧྥུའུ་དངུལ་རྩ་དོ་དམ་སློབ་གླིང་གི་ནུས་རྒྱུའི་རིགས་གཅིག་མཁས་ཅན་ཝུའུ་འར་ཧྥུའུ·མོ་སི་ལེ་ནའི་སྐད་ཆ་དྲངས་ཏེ་ཀྲུང་གོ་ནི“འཛམ་གླིང་གི་ནུས་རྒྱུ་གསར་པའི་སྣེ་འདྲེན་པར་གྱུར”ཅིང་། ཨ་རི་དང་འཇར་མན་གཉིས་དང་བསྡུར་ན། ཁྱབ་ཁོངས་འདིའི་ནང་ཀྲུང་གོར་མངོན་གསལ་དོད་པའི་ལེགས་ཆ་ལྡན་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།