འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིང་ཁྲིའི་སྦྲང་རྩི་སོགས་ཐོན་ཟོག་7རྒྱལ་ཁབ་ས་གཤིས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་ཟོག་
    ཡིན་པའི་ཆོག་མཆན་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་11ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་སྤུས་ཚད་ལྟ་སྐུལ་ཅུས་ནས་ཤེས་རྟོགས་བྱས་པ་ལྟར་ན། 2016ལོར། བོད་ཀྱིས་འདུན་ཞུ་བྱས་པའི་ས་གཤིས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་ཟོག་8ཀྱི་ནང་། རྫ་ཡུལ་གྱི་འབྲས་སོགས་ཐོན་ཟོག་7ལ་རྒྱལ་ཁབ་སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་ལག་རྩལ་ཐད་ཞིབ་བཤེར་བྱས་ཏེ་རྒྱལ་ཁབ་ས་གཤིས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་ཟོག་ཡིན་པའི་ཆོག་མཆན་ཐོབ་ཡོད། དེར་བརྟེན་བོད་ཀྱི་ས་གཤིས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་ཟོག་གི་གྲངས་འབོར་35ཟིན་ཡོད་ཅིང་། དེ་ཐོག་ནས་བོད་ཀྱི་ཐོན་ཁུངས་ལེགས་ཆ་ཉིད་དཔལ་འབྱོར་གྱི་ལེགས་ཆར་འགྱུར་མགྱོགས་སུ་འགྲོ་རྒྱུ་མ་ཟད། ས་ཁོངས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་རྒྱུ་ཡིན་པ་རེད།
              རྒྱལ་ཁབ་སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་《ཧྲེ་རྫོང་གི་ཟི་ར་སེར་པོ་སོགས70ལ་རྒྱལ་ཁབ་ས་གཤིས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་ཟོག་ཏུ་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས་》(2016ལོའི་ཡིག་ཨང་128པ)ཀྱི་ནང་རྒྱལ་ཁབ་སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་ཧྲེ་རྫོང་གི་ཟི་ར་སེར་པོ་སོགས་ས་གཤིས་མཚོན་རྟགས་ཀྱི་ཐོན་ཟོག་70སྲུང་སྐྱོང་འདུན་ཞུར་ལག་རྩལ་ཐད་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་ཚད་ལེན་ཐོན་ཟོག་70དེ་དག་རྒྱལ་ཁབ་ས་གཤིས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་ཟོག་ཡིན་པའི་ཆོག་མཆན་ཐོབ་ནས་དེ་ཉིན་ནས་སྲུང་སྐྱོང་ཡང་བྱས་ཡོད། ཐོན་ཟོག་70ཡི་ནང་། 2016ལོར་འདུན་ཞུ་བྱས་པའི་རྫ་ཡུལ་གྱི་འབྲས་དང་། རྫ་ཡུལ་གྱི་གཡང་འབུམ། འདམ་གཞུང་གི་ནོར་གནག ཉིང་ཁྲིའི་སྦྲང་རྩི། ཉིང་ཁྲིའི་སྟར་ག ལྷོ་རོང་གི་རྩམ་པ། ལྷོ་བྲག་གི་ཕིང་ཕྲ་མོ་བཅས་ཐོན་ཟོག་7ཚུད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།