འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་གློག་དྲ་ཡུལ་ཤུལ་དུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་11ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་གློག་དྲ་ཡུལ་ཤུལ་གློག་འདོན་ཀུང་སིའི་སྒོ་བྱང་བཀལ་བ་དེ་ཐོག་ནས་རྒྱལ་ཁབ་གློག་དྲ་ཡུལ་ཤུལ་གློག་འདོན་ཀུང་སིས་ཡུལ་ཤུལ་ས་ཁུལ་གྱི་གློག་ཤུགས་མ་འཇོག་དང་། གློག་ཤུགས་གཏོང་སྤྲོད། གློག་ཤུགས་མཁོ་འདོན། གློག་དྲ་འཆར་འགོད་འཛུགས་སྐྲུན་སོགས་ཀྱི་ལས་སྒོ་ཁྱོན་ཡོངས་ནས་འགན་ཁུར་ཏེ། ཡུལ་ཤུལ་གློག་ཤུགས་བྱ་གཞག་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་འགོ་ཚུགས་པ་མཚོན་པ་རེད། ཡུལ་ཤུལ་དུ་ས་ཡོམ་བརྒྱབ་རྗེས། སྔོན་མའི་གློག་ཤུགས་སྒྲིག་བཀོད་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པས། རྒྱལ་ཁབ་གློག་དྲ་ཀུ་སིས་གེགས་རྗེས་བསྐྱར་སྐྲུན་ནང་མ་དངུལ་སྒོར་དུང་ཕྱུར་24.69བཏང་སྟེ། ཡུལ་ཤུལ་དང་མཚོ་སྔོན་གྱི་དྲ་སྦྲེལ་དང་ཡུལ་ཤུལ་གྱི་ནུབ་རྒྱུད་རྫོང་གསུམ་གྱི་དྲ་སྦྲེལ་འདུ་འགོད་གལ་ཆེན་གཅིག་མཇུག་གཉིས་མཐུད་ངང་བསྐྲུན་ཁར། ནུས་ཤུགས་ཡོད་རྒུས་ཡུལ་ཤུལ་འཛུགས་སྐྲུན་འགན་ལེན་བྱས་ནས་ཡུལ་ཤུལ་གློག་དྲའི་མ་འཇོག་བརྗེ་སྒྱུར་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།
              གསར་དུ་བཙུགས་པའི་རྒྱལ་ཁབ་གློག་དྲ་ཡུལ་ཤུལ་གློག་འདོན་ཀུང་སིའི་གློག་འདོན་ཁྱབ་རྒྱ་སྤྱི་ལི་ངོས་གྲུ་ཁྲི་26.7ཟིན་པའི་ཁོངས་སུ་ཡུལ་ཤུལ་གྲོང་ཁྱེར་དང་། ཁྲི་འདུ་རྫོང་། ནང་ཆེན་རྫོང་། རྫ་སྟོད་རྫོང་། འབྲི་སྟོད་རྫོང་། ཆུ་དམར་ལེབ་རྫོང་བཅས་མ་རྩ་ཆ་ཚང་གི་རྫོང་རིམ་པའི་ཡན་ལག་གློག་འདོན་ཀུང་སི་6ཡོད་པ་དང་མི་ཁྲི་40ཡོད་པ་རེད། རྒྱལ་ཁབ་གློག་དྲ་ཡུལ་ཤུལ་གློག་འདོན་ཀུང་སི་བཙུགས་པ་དང་སྦྲགས། ཡུལ་ཤུལ་ས་ཁུལ་གྱི་གློག་རིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གློག་སྤྱོད་མཁན་མཐའ་དག་གི་གློག་རིན་དང་གཅིག་མཚུངས་ཡོང་རྒྱུ་དང་གློག་དྲ་ཆེ་མོ་འཁྲིད་ནས་དུད་ཚང་ཚང་མར་གློག་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།