འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་འགན་གཙང་བླངས་ནས་བསྐྲུན་པའི་སི་རི་ལན་ཁའི་གནམ་ཐང་གི་རྒྱུག་
    ལམ་རྒྱས་སྐྲུན་རྣམ་གྲངས་ལས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་11ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། སི་རི་ལན་ཁའི་པན་ཏ་ལ་ནའེ་ཁེ་རྒྱལ་སྤྱིའི་གནམ་ཐང་གི་རྒྱུག་ལམ་རྒྱས་སྐྲུན་རྣམ་གྲངས་དངོས་སུ་སྐྲུན་འགོ་ཚུགས་ཡོད། རྒྱལ་ཁབ་དེའི་མཁའ་འགྲུལ་གྱི་ལྟེ་བ་ཡིན་པའི་གནམ་ཐང་དེ་དུས་ཡུན་ཟླ་བ་3གྱི“ཉིན་མོ་སྒོ་རྒྱག་པ་དང་མཚན་མོ་གཉེར་སྐྱོང་བྱེད་པའི”དམིགས་བསལ་གཉེར་སྐྱོང་བྱེད་སྟངས་ལག་བསྟར་བྱེད་པའི་དུས་མཚམས་སུ་སླེབས་པ་དང་དེ་ཡང་གནམ་ཐང་བསྐྲུན་ནས་ལོ་30ཡི་རིང་གནམ་ཐང་གི་རྒྱུག་ལམ་ལ་རྒྱས་སྐྲུན་བྱེད་ཐེངས་དང་པོ་རེད།
             ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་(ཟླ་1ཚེས་6ཉིན་ནས་ཟླ་4ཚེས་6ཉིན་བར)པན་ཏ་ལ་ནའེ་ཁེ་རྒྱལ་སྤྱིའི་གནམ་ཐང་གི་དུས་གཏན་གནམ་གྲུ་ཚང་མ་མཚན་མོ་འཕུར་རྒྱུ་རེད། དུས་གཏན་གནམ་གྲུ་ཚང་མ་མཉམ་དུ་འཛོམས་ནས་གནམ་ཐང་གི་ལས་སྒོ་རྙོག་འཛིང་དང་འཚང་ག་ཆེ་རུ་མི་འགྲོ་བ་ཡོང་ཆེད་གནམ་ཐང་ཕྱོགས་དང་དེ་བཞིན་མཁའ་འགྲུལ་ཀུང་སི་ཁག་གིས་འགྲུལ་པར་གནམ་གྲུ་མ་འཕུར་གོང་གི་ཆུ་ཚོད་5ཡི་གོང་གནམ་ཐང་དུ་འགྲོ་ལུཌ་གཉེར་བར་ཡོང་རྒྱུའི་དྲན་སྐུལ་བྱས་པ་རེད།
            པན་ཏ་ལ་ནའེ་ཁེ་རྒྱལ་སྤྱིའི་གནམ་ཐང་དེ་རྒྱལ་ས་ཁོ་ལོན་པོའི་བྱང་རྒྱུད་ཀྱི་སྤྱི་ལེ་35ཡི་སའི་ཁཱ་ཐུའུ་ན་ཡེ་ཁེར་ཡོད་པ་དང་དེ་ནི་སི་རི་ལན་ཁའི་རྒྱལ་སྤྱིའི་གནམ་ཐང་གལ་ཆེན་ཤོས་དེ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།