འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་འབྲུག་ཆུས་ཁྱད་ཆོས་ལ་གཞི་ཚུགས་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་11ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། 2016ལོར། འབྲུག་ཆུ་རྫོང་གིས“རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ”གསར་གཏོད་གོ་སྐབས་ལ་དམ་འཛིན་ནན་པོ་དང་ཡུལ་སྐོར་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་མགྱོགས་མྱུར་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་བཏང་ཡོད། མིག་སྔའི་བར་རྫོང་ཡོངས་ཀྱིས་ཡུལ་སྐོར་མི་ཐེངས་ཁྲི་28.57ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས་51%འཕར་བ་དང་། ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་12268.3ཟིན་པ་དེ་དུས་མཚུངས་ལས་53.7%འཕར་བ། རིག་གནས་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི་2156བྱུང་བ་དེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་80.2%ལེགས་སྒྲུབ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།