འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དང་ཧའེ་ནན་གྱི་གཞོན་ནུ་ལོ་ཆུང་དབར་མི་རིགས་མཐུན་སྒྲིལ་གྱི“ལག་གདང་སྦྲེལ་
    བའི”བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་05ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
              མི་དམངས་དྲ་བའི་འཕྲིན། མཚོ་སྔོན་དང་ཧའེ་ནན་གྱི་གཞོན་ནུ་ལོ་ཆུང་དབར་གྱི་མི་རིགས་མཐུན་སྒྲིལ་གྱི“ལག་གདང་སྦྲེལ་བའི”བྱེད་སྒོ་སྐབས་དང་པོའི་འགོ་ཚུགས་མཛད་སྒོ་དང་ཡིད་དབང་འཕྲོག་པའི་ཧའེ་ནན་གྱི་དགུན་སྒར་བྱེད་སྒོ་ཟི་ལིང་གྲོང་ཁྱེར་ཁང་ནན་སློབ་ཆུང་དུ་འཚོགས་ཤིང་། ད་ཐེངས་ཀྱི་བྱེད་སྒོ་དེ་སྡེ་ཚོགས་མཚོ་སྔོན་ཞིང་ཨུད་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། ལོ་ཆུང་བྱིས་པའི་ལས་དོན་ཨུ་ལྷན་དང་སྡེ་ཚོགས་ཧའེ་ནན་ཞིང་ཆེན་ཨུ་ལྷན། ལོ་ཆུང་བྱིས་པའི་ལས་དོན་ཨུ་ལྷན་བཅས་ཀྱིས་མཉམ་དུ་སྤེལ་བ་དང་ལོ་ཆུང་གདོང་ལེན་རུ་མི་500ཙམ་ད་ཐེངས་བྱེད་སྒོར་ཞུགས་ཡོད་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོར་མཚོ་སྔོན་དང་ཧའེ་ནན་ཞིང་ཆེན་གྱི་ལོ་ཆུང་གདོང་ལེན་རུ་མིའི་འཐུས་མི་སྒྲིག་འཛུགས་བྱས་ཏེ་ཕན་ཚུན་འཚམས་འདྲི་བྱ་རྒྱུ་དང་། རྟོག་ཞིབ་དང་། ས་གནས་ས་ཐོག་ནས་ཉམས་སུ་མྱོང་བ། ཕན་ཚུན་སྤེལ་རེས་བཅས་བྱས་ཏེ་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་སེམས་ལ་མི་རིགས་མཐུན་སྒྲིལ་གྱི་ས་བོན་གདབ་རྒྱུ་དང་འབྲེལ་མི་རིགས་ཁག་གི་ལོ་ཆུང་གདོང་ལེན་རུ་མིའི་དབར་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་བསྟུན་མཁས། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ་དང་སྙིང་སྟོབས་རབ་འཕེལ་དང་རྙིང་རུས་ཆེན་པོས་སློབ་སྦྱོང་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་ལང་ཚོ་སྐྱེས་སུ་འབུལ་རྒྱུར་ཁྲིད་སྟོན་བྱ་རྒྱུ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།