འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་གྱིས་ཁེ་ལས་35ལས་ཞུགས་ལྟ་སྦྱོང་རྟེན་གཞིར་གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་05ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ད་ལོར་ལྷ་ས་གྲོང་ཁྱེར་མི་ཤུགས་དང་སྤྱི་ཚོགས་ཅུས་ཀྱིས་བྱེད་ཐབས་དང་ཐབས་ལམ་མང་པོར་བརྟེན་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་སྐུལ་མ་བཏང་བའི་ནང་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དམིགས་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་ཟླ་བ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་གཟའ་འཁོར་སོགས་བྱེད་སྒོ་ཚུད་ཅིང་། མཐོ་སློབ་སློབ་ཐོན་སློབ་མར་སྲིད་ཇུས་སྒྲོག་འགྲེལ་དང་། སྲིད་ཇུས་ཀྱི་བློ་འདྲི་དང་ལེན། ལས་ཞུགས་མཛུབ་ཁྲིད་སོགས་ཀྱི་ཞབས་འདེགས་ཞུས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་སྔར་བས་མང་བ་ལས་ཞུགས་ཐུབ་རྒྱུར་སྐུལ་མ་གཏོང་རྒྱུར་གཞོལ་ཡོད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཀར་ཞུགས་པའི་ནུས་པ་ཆེ་རུ་གཏོང་ཆེད་ལྷ་ས་གྲོང་ཁྱེར་གྱིས་ཁེ་ལས་35ལ་མཐོ་སློབ་སློབ་ཐོན་སློབ་མའི་ལྟ་སྦྱོང་རྟེན་གཞི་བཙུགས་པ་རེད།
             མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ནི་དུས་ཡུན་རིང་པོར་སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་བྱེད་པའི་གླེང་མང་ཤོས་ཀྱི་གླེང་གཞི་དང་དམངས་འཚོའི་གླེང་གཞི་ཞིག་རེད། ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་གཏོད་ལས་ཞུགས་ཀྱི་ལས་ཀར་རྒྱབ་སྐྱོར་བྱ་ཆེད། ལྷ་ས་གྲོང་ཁྱེར་མི་ཤུགས་དང་སྤྱི་ཚོགས་ཅུས་ཀྱིས་རོགས་སྐྱོར་ཏན་ཏན་ཏིག་ཏིག་བྱས་ནས་ལས་གཏོད་པ་སྔ་ཙམ་རྒྱུན་ལྡན་གྱི་སྲོལ་ལམ་དུ་སླེབས་རྒྱུར་རོགས་རམ་བྱས་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་《མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་རང་རྟེན་ལས་གཏོད་ལ་སྐུལ་ལྕག་དང་རོགས་སྐྱོར་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》དང་《ལྷ་ས་གྲོང་ཁྱེར་གྱིས་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་རང་རྟེན་ལས་གཏོད་ལ་རོགས་སྐྱོར་བྱ་རྒྱུའི་ཁ་གསབ་སྤྲོད་པའི་བྱེད་ཐབས་》སོགས་ཡིག་ཆ་བཏོན་ནས་དངུལ་བུན་མ་རྩ་མཉམ་འདྲེས་དང་། ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བ། བཟོ་ཚོང་ཐོ་འགོད། ལས་ཡུལ། བྱ་དགའ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱས་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།