འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིའུ་ཡོག་གྲོང་ཁྱེར་གྱི་དུས་གཏན་མེ་འཁོར་ཞིག་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་སྟེ་
    མི་གྲངས་103ལ་རྨས་སྐྱོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་05ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཉིའུ་ཡོག་གྲོང་ཁྱེར་གྱི་དུས་གཏན་མེ་འཁོར་ཞིག་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་སྟེ་
མི་གྲངས་103ལ་རྨས་སྐྱོན་བྱུང་བ།
           མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་4ཉིན་གྱི་ཞོགས་པའི་འགྲིམ་འགྲུལ་ཆེ་སྒང་སྐབས་ལ། ཨ་མེ་རི་ཁའི་ཉིའུ་ཡོག་གྲོང་ཁྱེར་གྱི་དུས་གཏན་མེ་འཁོར་ཞིག་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་སྟེ་མི་གྲངས་103ལ་རྨས་སྐྱོན་བྱུང་བ་རེད།
           ཤེས་རྟོགས་བྱུང་བ་ལྟར་ན། དོན་རྐྱེན་བྱུང་བའི་དུས་གཏན་མེ་འཁོར་ནི་ཉིའུ་ཡོག་གི་གླིང་ཕྲན་རིང་མོའི་ལྕགས་ལམ་(Long Island Railroad)ལས་གཉེར་མ་ལག་ཏུ་གཏོགས། མེ་འཁོར་དེ་ནི་ཉིའུ་ཡོག་གྲོང་ཁྱེར་ཁུན་སི་ཁུལ་གྱི་ཧྥ་ལུའོ་ཁཱ་ཝེ་ནས་ཐོན་ཏེ་ས་གནས་དེ་གའི་དུས་ཚོད་སྔ་དྲོའི་ཆུ་ཚོད་8:30ཡས་མས་ལ་པུ་ལུའུ་ཁི་ལིན་ཁུལ་གྱི་ནུབ་རྒྱ་མཚོའི་མེ་འཁོར་གཙོ་གནད་ས་ཚིགས་སུ་འབྱོར་སྐབས་ཁ་འགོག་མ་ཐུབ་པར་འཁོར་ལམ་གྱི་སྣེ་མོ་གཞན་པའི་ཇེ་དལ་གཏོང་བྱེད་དུ་བརྡུངས་ཏེ། མེ་འཁོར་མདུན་གྱི་མི་བཞུགས་འཁོར་ཁང་གཉིས་འཁོར་ལམ་ནས་ཤོར་ཏེ་སྐྱོན་ཤོར་བ་རེད།
           ཉིའུ་ཡོག་གྲོང་ཁྱེར་གྱི་མེ་གསོད་མེ་འགོག་ཅུས་ཀྱིས་དོན་རྐྱེན་ཁྲོད་མི་གྲངས་103ལ་རྨས་སྐྱོན་ཕྲན་བུ་བྱུང་བ་དང་། དེའི་ནང་འགྲུལ་པ་བུད་མེད་ཅིག་གི་རྐང་པའི་རུས་པ་ཆག་འདུག་ཅེས་བརྗོད་པ་རེད།
           དུས་གཏན་མེ་འཁོར་ལ་བཞུགས་པའི་འགྲུལ་པས་འབྲེལ་འདྲི་དྲ་སྦྲེལ་ཐོག་བསྐུར་བའི་པར་རིས་ལས་མངོན་པ་ལྟར་ན། དུས་གཏན་མེ་འཁོར་མདུན་ཕྱོགས་ཀྱི་མི་བཞུགས་འཁོར་ཁང་དེ་ཕྱི་ཕྱོགས་ལ་ལྷུངས་ཡོད་པ་དང་། འཁོར་ཁང་གི་སྒོར་ལ་སྐྱོན་ཤོར་ཡོད་ཅིང་། ཤེལ་སྒོ་ཚང་མ་ཆག་ཡོད་པ། འཕྲལ་བསྟུན་མི་སྣ་མང་པོ་ཞིག་གིས་རྨས་མ་མྱུར་སྐྱོབ་བྱེད་ཀྱི་ཡོད་པ་རེད།
           ས་གནས་དེ་གའི་སྨྱན་སྦྱོར་གསར་འགོད་ལ་གཞིགས་ན། དོན་རྐྱེན་བྱུང་སྐབས་དུས་གཏན་མེ་འཁོར་དེའི་ནང་ལ་འགྲུལ་པ་600ཙམ་ཡོད་པ་རེད། ཡུལ་དངོས་སུ་འབྱོར་བའི་ཉིའུ་ཡོག་མངའ་སྡེའི་འགན་འཛིན་ཨན་ཏི་ལུའུ་•ཁི་མའོ་ཡིས་དོན་རྐྱེན་གྱི་འབྱུང་རྩ་མིག་སྔར་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བསྟན་པ་རེད།
          ཉིའུ་ཡོག་ཏུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ད་ལྟ་ཀྲུང་གོའི་སྤྱི་དམངས་ལ་རྨས་སྐྱོན་བྱུང་བའི་གནས་ཚུལ་འབྱོར་མི་འདུག་ཅེས་བསྟན་པ་རེད།
    ༄༅།།ཉིའུ་ཡོག་གྲོང་ཁྱེར་གྱི་དུས་གཏན་མེ་འཁོར་ཞིག་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་སྟེ་
མི་གྲངས་103ལ་རྨས་སྐྱོན་བྱུང་བ།
    ༄༅།།ཉིའུ་ཡོག་གྲོང་ཁྱེར་གྱི་དུས་གཏན་མེ་འཁོར་ཞིག་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་སྟེ་
མི་གྲངས་103ལ་རྨས་སྐྱོན་བྱུང་བ།
    ༄༅།།ཉིའུ་ཡོག་གྲོང་ཁྱེར་གྱི་དུས་གཏན་མེ་འཁོར་ཞིག་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་སྟེ་
མི་གྲངས་103ལ་རྨས་སྐྱོན་བྱུང་བ།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།