འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཕན་ཀྲི་ཧྭ་གྲོང་ཁྱེར་དུ་མེ་མདའི་མི་གསོད་དོན་རྐྱེན་བྱུང་ཞིང་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་གྲོང་
    ཁྱེར་གྱི་འགན་འཛིན་རྣམ་གཉིས་རྨས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་05ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་ཕན་ཀྲི་ཧྭ་གྲོང་ཁྱེར་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ། ཟླ་1ཚེས་4ཉིན་གྱི་ཆུ་ཚོད་10དང་སྐར་མ་50སྐབས། ཕན་ཀྲི་ཧྭ་གྲོང་ཁྱེར་གྱི་སྟོན་ཚོགས་ལྟེ་གནས་སུ་མེ་མདའི་མི་གསོད་དོན་རྐྱེན་ཞིག་བྱུང་བ་རེད། 
             སྐབས་དེར། མེ་མདའ་འཁྱེར་བ་ཞིག་ཚོགས་རའི་ནང་སླེབས་ཏེ་ཚོགས་འདུ་འཚོག་བཞིན་པའི་གྲོང་ཁྱེར་དེ་གའི་གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ་ཚོར་ཁ་གཏད་ནས་མེ་མདའ་བསྟུད་མར་བརྒྱབ་རྗེས་བྲོས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡཱན་དང་གྲོང་ཁྱེར་གྱི་འགན་འཛིན་ལི་ཅན་ཆིན་གཉིས་རྨས་ཏེ་སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་བསྐྱལ་རྗེས་སྲོག་ཉེན་མ་བྱུང་བ་རེད།
              བརྟག་དཔྱད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་དེ་ནི་གྲོང་ཁྱེར་དེ་གའི་རྒྱལ་ཁབ་ས་ཞིང་ཐོན་ཁུངས་ཅུས་ཀྱི་ཅུས་ཀྲང་ཁྲེན་ཀྲུང་ཡིན་པ་དང་། ཤེས་རྟོགས་བྱུང་སྐབས། སྟོན་ཚོགས་ལྟེ་གནས་ཀྱི་ཉིས་ཐོག་ཏུ་རང་སྲོག་བཅད་ནས་ཤི་ཟིན་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།