འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས“སྤྱོད་ཚུལ་བཞིའི”གནད་དོན་ཐོན་མ་ཐག་རྡུང་རྡེག་བཏང་ནས་སྤྱོད་
    གཙང་གཞུང་དྲང་གི་དུས་ཆེན་གྱི་རྣམ་པ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་05ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་དུས་ཆེན་རིང་གི་སྒྲིག་ཁྲིམས་ཁག་ནན་དུ་གཏོང་བ་དང་། “སྤྱོད་ཚུལ་བཞིའི”གནད་དོན་ཡང་བསྐྱར་མི་ཐོན་པ། སྤྱོད་གཙང་གཞུང་དྲང་གི་དུས་ཆེན་གྱི་རྣམ་པ་གཏོད་ཆེད། 《2017ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་ཀྱི་རིང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ཡག་པོ་བསྒྲུབས་ནས་རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》(གཤམ་དུ“བརྡ་ཐོ”ཞེས་བསྡུ་རྒྱུ)བཏང་བ་རེད།
              བརྡ་ཐོའི་ནང་བོད་ཀྱི་རིམ་པ་ཁག་དང་། ས་གནས་ཁག སྡེ་ཚན་ཁག་བཅས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ཏན་ཏིག་ཁུར་ཏེ་ས་གནས་དང་སྡེ་ཚན་སོ་སོའི“སྤྱོད་ཚུལ་བཞིའི”གནད་དོན་གྱི་འཕེལ་ཕྱོགས་གསར་པ་དང་གནས་ཚུལ་གསར་པར་དུས་ཐོག་ཏུ་ཞིབ་འཇུག་དང་བརྡར་ཤ་བཅད་ནས། “སྤྱོད་ཚུལ་བཞིའི”གནད་དོན་ཐོན་མ་ཐག་རྡུང་རྡེག་གཏོང་རྒྱུ་མཐའ་འཁྱོངས་དང་། སྲོལ་ངན་བསྐྱར་དུ་མི་ཐོན་པ་བྱེད་དགོས། དུས་ཆེན་རིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཞུང་འཁོར་སྒེར་སྤྱོད་དང་། གཞུང་དངུལ་སྤྱད་ནས་ཡུལ་སྐོར་ལ་འགྲོ་བ། སྒྲིག་ཁྲིམས་ལས་འགལ་ཏེ་གཞུང་དངུལ་སྤྱད་ནས་བཟའ་བཏུང་བྱེད་པ། གཞུང་དངུལ་སྤྱད་ནས་ལག་རྟགས་འབུལ་བ། གཞུང་དངུལ་སྤྱད་ནས་རོལ་རྩེད་རྩེ་བ། གཞུང་དངུལ་སྤྱད་ནས་ཕན་ཚུན་འཚམས་འདྲི་བྱེད་པ། སྒྲིག་ཁྲིམས་ལས་འགལ་ཏེ་ཕོགས་སྣོན་ཕན་བདེ་སྤྲོད་པ། མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་གྱི་སྐབས་དང་བསྟུན་ནས་རྒྱུ་དངོས་ལེན་པ། དུས་ཆེན་དང་བསྟུན་ནས་དཔོན་གནས་རག་ཐབས་བྱེད་པ། འབྲེལ་ཡོད་འགྲོ་གྲོན་ཁོངས་གཏོགས་ཚན་པ་དང་ཁེ་ལས་ལ་འདོན་དུ་འཇུག་པ”བཅས་བཅུ་གཏན་འགོག་བྱེད་པའི་སྒྲིག་ཁྲིམས་བླང་བྱ་ལས་མི་འགལ་བ་བྱེད་དགོས་ཞེས་འཁོད་ཡོད།
             གཞན་ཡང་། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གཙོ་གནད་མངོན་གསལ་དོད་པ་དང་། སྤྱི་འདོམས་བཀོད་སྒྲིག་བྱེད་པ། རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ཏེ་ས་གནས་དང་སྡེ་ཚན་སོ་སོའི་ལྟ་སྐུལ་ཞིབ་བཤེར་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ནས་སྒྲིག་ཁྲིམས་ལག་ལེན་བསྟར་བའི་འཆར་གཞི་ཞིབ་ཚགས་འདིང་བ་དང་། ཕྱོགས་ཁག་གི་སྟོབས་ཤུགས་བསྡུ་སྒྲིལ། མངོན་བཤེར་ལྐོག་ཞིབ་གཏིང་ཟབ། ཁུངས་སྣེ་འཚོལ་མཁས་པོ། དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་དང་འགན་འཁྲི་བདའ་འདེད་གཏོང་བ་བཅས་བྱེད་དགོས། དུས་ཆེན་རིང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ནས་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་མཁན་ཚང་མ་བརྡ་ཁྱབ་བཏང་ནས་དམར་འདོན་བྱས་ཏེ། ཕྱིས་སུ་སྒྲིག་ཁྲིམས་དེ་བས་ནན་པོ་ལག་ལེན་བསྟར་རྒྱུ་ཡིན་པའི་བརྡ་རྟགས་དྲག་པོ་མུ་མཐུད་གཏོང་དགོས། རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་འགོ་ཁྲིད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་སྤྱོད་གཙང་སྒྲིག་ཁྲིམས་ཀྱི་འབྲེལ་ཡོད་བླང་བྱ་ལག་བསྟར་དང་། རང་ངོས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས། རང་འགུལ་ངང་སྒྲིག་ཁྲིམས་སྲུང་བ་དང་སྒྲིག་ལམ་ལ་སྣང་ཆེན་བྱེད་པའི་མིག་དཔེ་སྟོན་དགོས།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།