འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོར་བོད་ལྗོངས་བྲག་འཛེག་རུ་ཁག་ལ་གསེར་གྱི་རྟགས་མ་15ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་05ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་བོད་ལྗོངས་བྲག་འཛེག་རུ་ཁག་རྒྱལ་སྤྱི་དང་རྒྱལ་ནང་གི་འགྲན་བསྡུར་ཁག་ནང་ཞུགས་པར་གསེར་གྱི་རྟགས་མ་15དང་། དངུལ་གྱི་རྟགས་མ་21 ཟངས་ཀྱི་རྟགས་མ་18བཅས་ཐོབ་པ་རེད།
              རིན་ཆེན་ལྷ་མོ་ནི་བོད་ལྗོངས་བྲག་འཛེག་རུ་ཁག་གི་བདམས་ཐོན་པ་ཡག་ཤོས་ཡིན་ཞིང་། ཁོང་ལ་སྐབས་24པའི་ཨེ་ཤེ་ཡའི་བྲག་འཛེག་ལེགས་སྐྱེས་འགྲན་བསྡུར་བུད་མེད་ཀྱི་དཀའ་ཚེགས་ཆེ་བའི་འགྲན་བསྡུར་ནང་ཨང་གཉིས་པ་ཐོབ་པ་རེད། 2008ལོར་ཁོང་རྒྱལ་ཁབ་བྲག་འཛེག་གཅིག་སྡུད་སྦྱོང་བརྡར་རུ་ཁག་ནང་དངོས་སུ་ཚུད་པ་དང་དེ་རྗེས་ཀྲུང་གོའི་ཚབ་ཞུས་ཏེ་འཛམ་གླིང་གི་ས་ཕྱོགས་ཁག་ཏུ་རྒྱལ་སྤྱིའི་བྲག་འཛེག་འགྲན་བསྡུར་ནང་ཞུགས་པ་རེད། བོད་རིགས་བུ་མོ་དེས་2013ལོའི་ཨེ་ཤེ་ཡའི་བྲག་འཛེག་ལེགས་སྐྱེས་འགྲན་བསྡུར་ཐོག་བུད་མེད་ཀྱི་དཀའ་ཚེགས་ཆེ་བའི་འགྲན་བསྡུར་དང་བྲག་འཛེག་འགྲན་བསྡུར་རྣམ་གྲངས་གཉིས་ཀྱི་ཨང་དང་པོ་བླངས་པ་རེད།
            གཞན་ཡང་། བོད་ལྗོངས་བྲག་འཛེག་རུ་ཁག་ལ་བསོད་ནམས་རྒྱ་མཚོ་དང་། སྤེན་པ་བཀྲ་ཤིས། ཕུར་བུ་སྒྲོལ་མ་སོགས་ཕུལ་བྱུང་གི་ལུས་རྩལ་པ་ཁག་གཅིག་ཡོད་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།