འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་མོང་གི་སྐམ་ལམ་འགག་སྒོ་ཆེ་ཤོས་ཀྱིས་ཟོག་འདྲེན་བྱེད་སྐབས“ཕན་ཚུན་གསུམ”གྱི་
    འགག་སྒོ་སྒྲོལ་སྟངས་གསར་པ་སྔོན་ལ་སྤྱད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་05ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། མེ་ཏོག་དམར་པོ་བསྒར་བའི་ཟོག་འདྲེན་ཡོ་བྱད་ཞིག་ནང་སོག་ཨེར་ལེན་ཧའོ་ཐེ་གཞུང་ལམ་ཐོག་གི་འགག་སྒོར་འཛུལ་སའི་དོས་སྒམ་ཞིབ་དཔྱད་ཚད་ལེན་ལྟེ་གནས་ནས་དལ་གྱིས་ཐོན་པ་དེ་ཐོག་ནས་ཀྲུང་མོང་གི་འགག་སྒོ་ཆེ་ཤོས་ཨེར་ལེན་ཧའོ་ཐེའི་འགག་སྒོའི་ཟོག་འདྲེན་བརྒྱུད་ལམ་གྱི“ཕན་ཚུན་གསུམ”(འགག་སྒོ་དོ་དམ་གྱི་འབྲེལ་ཡོད་སྡེ་ཚན་གྱི་ཆ་འཕྲིན་ཕན་ཚུན་བརྗེ་རེས་དང་། ཕན་ཚུན་ལྟ་སྐུལ་དོ་དམ། ཕན་ཚུན་ཁྲིམས་འཛིན་རོགས་རེས)ཀྱི་འགག་སྒོ་སྒྲོལ་བའི་སྒྱུར་བཅོས་ཀྱི་དུས་མཚམས་དང་པོའི་ཚོད་ལྟའི་རྣམ་གྲངས་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་མཚོན་ཡོད། དེ་ནས་བཟུང་ཨེར་ལེན་ཧའོ་ཐེ་གཞུང་ལམ་ཐོག་གི་འགག་སྒོའི་སྦྲག་བསྐུར་དང་ཟོག་འདྲེན་གྱི་ཐབས་ལམ་ཚང་མ“ཕན་ཚུན་གསུམ”གྱི་འགག་སྒོ་སྒྲོལ་སྟངས་སྤྱོད་རྒྱུ་རེད།
              ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་སྒྱུར་བཅོས་ཚོད་ལྟ་ལག་བསྟར་བྱས་རྗེས། འགག་སྒོ་ལས་ཁུངས་དང་བརྟག་བཤེར་དང་ནད་ཡམས་ཞིབ་བཤེར་སྡེ་ཚན་གྱིས་གཞུང་ལམ་འགག་སྒོར་འཛུལ་སའི་གཞུང་དོན་སྒྲུབ་ས་གཅིག་ཏུ་རང་འཁྲིའི་ལས་འགན་བསྒྲུབས་ནས་འགག་སྒོའི་བརྟག་བཤེར“མཉམ་འབྲེལ་ཐོག་གཞུང་དོན་སྒྲུབ་པ”དང་། དབོར་འདྲེན་རླངས་འཁོར་ཐེངས་གཅིག་རེ་ཞུ་དང་སོ་སོར་ཐག་གཅོད་ཐུབ་པ་བྱུང་ཡོད། གཞུང་ལམ་འགག་སྒོར་འཛུལ་བའི་ལྷུ་ཚིགས་ནང་འགག་སྒོ་ལས་ཁུངས་དང་བརྟག་བཤེར་དང་ནད་ཡམས་ཞིབ་བཤེར་སྡེ་ཚན་གྱིས་དོས་སྒམ་ཞིབ་དཔྱད་ཚད་ལེན་སྒྲིག་ཆས་གཅིག་དང་ཞིབ་བཤེར་བྱེད་ས་གཅིག་སྤྱད་དེ་འགག་སྒོར་འཛུལ་མཁན་དབོར་འདྲེན་རླངས་འཁོར་ལ་མཉམ་འབྲེལ་ཐོག་ཞིབ་བསྡུར་དང་ཞིབ་བཤེར་བྱས་ནས་ཐེངས་གཅིག་གིས་གོ་ཆོད་པ་བྱེད་ཀྱི་ཡོད།
           “‘ཕན་ཚུན་གསུམ’གྱི་སྒྱུར་བཅོས་ལག་བསྟར་བྱས་རྗེས་འགག་སྒོར་འཛུལ་མཁན་འཁོར་རིགས་ལ་ཞིབ་བཤེར་བྱེད་པའི་དུས་ཚོད་དེ་སྔོན་བསྡུར་ན། ལྡབ་གཅིག་གིས་ཉུང་དུ་ཕྱིན་ཡོད”ཅེས་ཨེར་ལེན་འགག་སྒོ་ལས་ཁུངས་གཞུང་ལམ་ལྟ་སྐུལ་དོ་དམ་ཁོའོ་ཡི་ཁོའོ་ཀྲང་པུའུ་རི་ཀེ་ཏེས་བཤད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།