འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཁེན་ཉི་ཡའི་མཁས་དབང་གིས་ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ལ་
    སྐུལ་འདེད་བཏང་བར་བསྔགས་བརྗོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་05ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཁེན་ཉི་ཡའི་ནེ་རོ་པི་སློབ་ཆེན་གྱི་རྒྱལ་སྤྱིའི་དཔལ་འབྱོར་རིག་པའི་མཁས་དབང་ཀེ་ལི་ཞུང·དབྱི་ཅི་ཡ་ལཱ་ཡིས་རྒྱལ་སྤྱིའི་ཁྲོད་ཤུགས་རྐྱེན་ཉིན་བཞིན་ཆེ་རུ་འགྲོ་བའི་ཀྲུང་གོས་གོ་ལ་ཧྲིལ་པོའི་ཚོང་དོན་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་འགོ་ཁྲིད་ཀྱི་རྣམ་པའི་ཐོག་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐུལ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
            དབྱི་ཅི་ཡ་ལཱ་ཡིས་སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཁྲོད་ཀྱི་ཀྲུང་གོའི་ཤུགས་རྐྱེན་ཉིན་བཞིན་ཆེ་རུ་འགྲོ་བ་དང་ལྷག་པར་དུ་དུས་རབས་ཉེར་གཅིག་པར་སླེབས་ཚུན་ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཤུགས་སྔར་བས་ཆེ་རུ་སོང་ནས་དཔལ་འབྱོར་བསྡོམས་འབོར་དང་ཉོ་ཚོང་བསྡོམས་འབོར་རྒྱུན་ཆད་མེད་པར་མང་དུ་སོང་ཡོད། མིག་སྔར། ཀྲུང་གོས་གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་རང་མོས་ཉོ་ཚོང་ལ་སྐུལ་འདེད་གཏོང་བའི་ནང་ཧུར་ཐག་ཞུགས་ཤིང་། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གལ་ཆེན་དཔེར་ན། གཞུང་ལམ་དང་། གྲུ་ཁ། ལྕགས་ལམ་སོགས་ཀྱི་རྣམ་གྲངས་མ་དངུལ་མཉམ་འདྲེས་དང་འགན་གཙང་ལེན་པའི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་དངོས་ཟོག་དང་ཞབས་ཞུ་གོ་ལ་ཧྲིལ་པོར་ཁྱབ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བཤད་པ་རེད།
            ཁོང་གིས་ཀྲུང་གོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དང་འབོ་གསེར་རྒྱལ་ཁབ་ཀྱི་དབུ་ཚོགས་སོགས་ལམ་སྲོལ་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པ་དང་རྒྱལ་སྤྱིའི་མཉམ་ལས་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དཔེར་ན། ད་ཆ་ཀྲུང་གོས“ཞུགས་མང་བ”དེ་རྒྱལ་སྤྱིའི་ཁྱབ་ཁོངས་ཁག་གི་མཉམ་ལས་ནང་གི་གལ་ཆེའི་མཐུན་རྐྱེན་དང་ཁྱད་ཆོས་སུ་གྱུར་ཡོད་ཅེས་བཤད་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།