འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་སྒེར་གྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་གི་ཡིག་ཆ་ཐོག་མ་དེ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་03ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་སྒེར་གྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ཡིག་ཆ་《སྒེར་གྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》ཐོག་མ་དེ་2016ལོའི་ཟླ་12ཚེས་30ཉིན་བཏོན་ནས། གཙོ་གནད་ཁྱབ་ཁོངས་དང་མི་ཚོགས་གཙོ་བོ་ཚད་བརྒལ་དུ་བྱས་ཏེ། སྒེར་གྱི་ཡིད་རྟོན་ཟིན་ཐོ་འགོད་རྒྱུར་སྐུལ་མ་གཏོང་དགོས་པ་བཏོན་ཡོད།
         སྒེར་གྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ནི་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་གི་ནང་དོན་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། མཛུབ་ཁྲིད་བསམ་འཆར་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཁྱབ་བསྒྲགས་བྱས་ཤིང་། དེའི་དམིགས་ཡུལ་ནི་ཡིད་རྟོན་ལ་བསྟོད་བསྔགས་དང་ཡིད་རྟོན་མེད་པར་གཅུན་འདོམས་བྱས་ནས། སྤྱི་ཚོགས་ཧྲིལ་པོའི་ཡིད་རྟོན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། ཡིད་རྟོན་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་དེ་ཡིན།
         བསམ་འཆར་ནང་གཙོ་གནད་ཁྱབ་ཁོངས་ཀྱི་སྒེར་གྱི་ཡིད་རྟོན་ཟིན་ཐོ་འགོད་པའི་ནང་བཟའ་བཅའ་དང་སྨན་རྫས་དང་། བདེ་འཇགས་ཐོན་སྐྱེད། མེ་ཟོན་བདེ་འཇགས། འགྲིམ་འགྲུལ་བདེ་འཇགས། ཁོར་ཡུག་སྲུང་སྐྱོང་། སྐྱེ་དངོས་བདེ་འཇགས། ཐོན་རྫས་སྤུས་ཚད། ཁྲལ་བསྡུ་འཇལ་སྤྲོད། སྨན་བཅོས་འཕྲོད་བསྟེན། ངལ་རྩོལ་འགན་བཅོལ། ལས་གྲྭ་འཛུགས་སྐྲུན། དངུལ་རྩ་ཞབས་ཞུ། ཤེས་བྱའི་བདག་དབང་། ཁྲིམས་འཛིན་ཞུ་གཏུག གློག་རྡུལ་ཚོང་དོན། དང་བླངས་ཞབས་ཞུ་སོགས་ཁྱབ་ཁོངས་ཚུད་པ་བཏོན་ཡོད། 
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།