འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ལུགས་སྨན་དང་བོད་སྨན་རྟེན་གཞི་ཆེན་པོ་བཞི་བསྐྲུན་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་03ཉིན། 15:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཞི་ཧའེ་གྲོང་ཁྱེར་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་སྨན་དང་བོད་སྨན་འདེབས་འཛུགས་རྟེན་གཞི་ཅན་དང་། གཞི་ཁྱོན་ཅན། ཐོན་ལས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་སྣོད་བཅུད་འཛུགས་སྐྱོང་བྱས་འབྲས་སྲ་བརྟན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གོམ་སྟབས་མགྱོགས་སུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཉེ་དུས་《ཀྲུང་ལུགས་སྨན་དང་བོད་སྨན་གྱི་སྨན་རྒྱུ་འདེབས་འཛུགས་རྟེན་གཞི་སྐྲུན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》བཟོས་ནས་བཏོན་ཏེ། ཀྲུང་ལུགས་སྨན་དང་བོད་སྨན་རྟེན་གཞི་ཆེན་པོ་བཞི་བསྐྲུན་ནས་མཚོ་སྔོན་གྱི་ཁྱད་ལྡན་ཀྲུང་ལུགས་སྨན་དང་བོད་སྨན་སྨན་རྒྱུ་ཐོན་སྐྱེད་ཀྱི་རྣམ་པ་གསར་པ་ཞིག་གཏོད་རྩིས་ཡོད་པ་རེད།
        བསམ་འཆར་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན་། སྣེ་ཁྲིད་ནུས་པ་བཅས་ཆེན་པོ་ལྡན་པའི་ཀྲུང་ལུགས་སྨན་དང་བོད་སྨན་སྨན་རྒྱུ་འདེབས་འཛུགས་རྟེན་གཞི་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ནགས་ལས་ཀྱི་ཆེད་ལས་མཉམ་ལས་ཁང་དང་སྣེ་འདྲེན་ཁེ་ལས་ཁག་གཅིག་ལ་རོགས་སྐྱོར་བྱས་ཏེ། ས་ཁོངས་ཀྱི་ལེགས་ཆ་ལྡན་པའི་ཀྲུང་ལུགས་སྨན་དང་བོད་སྨན་སྲུང་སྐྱོང་དང་ཐོན་སྐྱེད་ཁུལ་4བསྐྲུན་རྒྱུ་རེད། 2020ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་སྨན་དང་བོད་སྨན་འདེབས་ཁྱོན་མུའུ་ཁྲི་85ཟིན་རྒྱུ་དང་དེའི་ནང་འདྲེ་ཚེར་མ་འདེབས་ཁྱོན་མུའུ་ཁྲི་50ཟིན་རྒྱུ་རེད། འདེབས་ཁྱོན་ཆེ་རུ་ཤུགས་ཆེན་གཏོང་བ་དང་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་བཏང་ནས། མཚོ་སྔོན་ནུབ་བྱང་དང་ཐ་ན་རྒྱལ་ཡོངས་ཀྱི་ཀྲུང་ལུགས་སྨན་དང་བོད་སྨན་ཀྱི་སྨན་རྒྱུ་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་གཏོད་རྒྱུ་རེད།
        དེ་དང་དུས་མཚུངས། མཚོ་སྔོན་ཞིང་ཆེན་གྱིས་ཤར་རྒྱུད་ས་སེར་རི་མ་ཐང་གི་ནགས་ཁྲོད་སྨན་ཐོན་སྐྱེད་ཁུལ་བསྐྲུན་ནས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱིས་འདྲེ་དུག་དང་། སྲད་དཀར། ཀླུ་བདུད་རྡོ་རྗེ་སོགས་སྨན་རྒྱུ་འབོར་ཆེན་འདེབས་འཛུགས་བྱེད་པ་དང་། མདོ་ལ་རིང་མོའི་ཁུལ་གྱི་ཀྲུང་ལུགས་སྨན་དང་བོད་སྨན་ཐོན་སྐྱེད་དང་སྲུང་སྐྱོང་ཁུལ་བསྐྲུན་ནས་མཚོ་བྱང་ཀྲོའུ་མདོ་ལ་དང་མུན་ཡོན་རྫོང་གི་གཙོ་གནད་ཁུལ་སྲུང་སྐྱོང་གི་ཐང་མགོའི་སྟག་མ་ཤིང་དང་ཀྱི་ལྕི་སོགས་རི་སྐྱེས་ཀྲུང་ལུགས་སྨན་དང་བོད་སྨན་ཐོན་ཁུངས་སྲུང་སྐྱོང་བྱེད་པ། ཚ་འདམ་གཤོང་ས་དང་ཆབ་ཆའི་གཤོང་སའི་ཀྲུང་ལུགས་སྨན་དང་བོད་སྨན་ཐོན་སྐྱེད་ཁུལ་བསྐྲུན་ནས་མཚོ་ནུབ་ཀྲོའུ་གོར་མོ་གྲོང་ཁྱེར་དང་། གཏེར་ལེན་ཁ་གྲོང་ཁྱེར་ཏུའུ་ལན་རྫོང་། ཨ་ལན་རྫོང་བཅས་དང་དེ་བཞིན་མཚོ་ལྷོ་ཀྲོའུ་ཡི་རྫོང་5ཡིས་གཙོ་བོ་འདྲེ་ཚེར་མ་དང་། ཚེར་སྐྱ། ལུའོ་པུའུ་སོ་མ་ར་ཙ་སོགས་རི་སྐྱེས་སྨན་རྒྱུ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ། གཙང་གསུམ་ཆུ་འགོའི་ཀྲུང་ལུགས་སྨན་དང་བོད་སྨན་ཐོན་སྐྱེད་ཁུལ་བསྐྲུན་ནས་ཡུལ་ཤུལ་དང་མགོ་ལོག་ཀྲོའུ་སོགས་ཀྱིས་གཙོ་གནད་ཐོག་དབྱར་རྩྭ་དགུན་འབུ་དང་། སྲོ་ལོ་དམར་པོ། ཨ་བྷི་ཥ་སོགས་ཀྲུང་ལུགས་སྨན་དང་བོད་སྨན་སྨན་རྒྱུ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་བཅས་རེད། གཞན་ཡང་གཙོ་གནད་རྫོང་དང་ཀྲུང་ལུགས་སྨན་དང་བོད་སྨན་སྨན་རྒྱུ་འདེབས་འཛུགས་རྟེན་གཞིར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རི་སྐྱེས་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྤུས་རྟགས་འཐབ་ཇུས་ལག་བསྟར་བྱས་ཐོག ཀྲུང་ལུགས་སྨན་དང་བོད་སྨན་རྟེན་གཞི་འཛུགས་སྐྲུན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།