འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཁ་གཏད་རོགས་སྐྱོར་བྱས་ནས་མཛའ་གྲོགས་ཟབ་གཏོང་གིས་བོད་རིགས་ས་ཁུལ་གྱི་དབུལ་
    ཞྭ་འབུད་རོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་03ཉིན། 13:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཁྲེང་ཏུའུ་དང་བར་ཐག་ལེ་དབར་སྟོང་གིས་ཆོད་པའི་དཀར་མཛེས་ཀྲོའུ་སྡེ་རོང་རྫོང་ནི་ཁྲེང་ཏུའུ་གྲོང་ཁྱེར་ཆིང་དབྱང་ཆུས་ཀྱི་ཁ་གཏད་རོགས་སྐྱོར་དང་རོགས་སྐྲུན་བྱ་ཡུལ་ཡིན་པས་ས་གནས་གཉིས་པོའི་དབར་མཛའ་གྲོགས་ཟབ་མོ་ཆགས་ཡོད།
         ད་ཆ་མཛའ་གྲོགས་དེར་སླར་ཡང་སྟོབས་ཤུགས་གསར་པ་ཞིག་བསྣན་ཡོད། ཆིང་དབྱང་ཆུས་ནས་ཡིན་པའི་ཚོང་ལས་མཐུན་ཚོགས་25ཡིས་སྣེ་ཁྲིད་པའི་དམངས་གཉེར་དཔལ་འབྱོར་སྟོབས་ཤུགས་ཀྱིས་ཁ་གཏད་རོགས་སྐྱོར་བྱ་ཡུལ་སྡེ་རོང་རྫོང་སྤུན་གསུམ་ཤང་གི་གྲོང་ཚོ་དབུལ་པོ་ལྔར་རོགས་སྐྱོར་རེ་བ་ཞུས་ནས་འདེབས་འཛུགས་ལས་རིགས་དང་འབྲོག་ལས་འཕེལ་རྒྱས་གཏོང་རོགས་བྱས་པ་དང་། ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱེད་པ་དང་། ཁྱིམ་ཚང་དབུལ་པོ་ཡུལ་གཞན་དུ་ལས་ཞུགས་ཐུབ་པ་། དཀའ་ངལ་ཡོད་པའི་སློབ་མར་ཞལ་འདེབས་རྒྱག་པ་བཅས་ལ་སྐུལ་འདེད་བཏང་སྟེ་གནད་སྨིན་ཐོན་ལས་དབུལ་སྐྱོར་ལ་བརྟེན་ནས་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད།
         ད་ཕན་ལོ་ཤས་རིང་། ཆིང་དབྱང་ཆུས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲིར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་གྱི་བྱ་སྤྱོད་སྤེལ་ནས། རོགས་སྐྱོར་བྱེད་མཁན་ཡིན་པའི་ཆུས་ཡོངས་ཀྱི་དམངས་གཉེར་ཁེ་ལས་དང་དེ་བཞིན་དམངས་གཉེར་ཁེ་ལས་བྱེད་པོར་བྱས་པའི་ཚོང་ལས་མཐུན་ཚོགས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་སོགས་ཚོང་ལས་མཐུན་ཚོགས་25ཡིས་ཆིང་དབྱང་ཆུས་ཁ་གཏད་རོགས་སྐྱོར་བྱ་ཡུལ་དཀར་མཛེས་ཀྲོའུ་སྡེ་རོང་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་63གྱི་ནང་ནས་གྲོང་ཚོ་དབུལ་པོ་5བདམས་ཏེ་རོགས་སྐྱོར་བྱ་ཡུལ་དུ་བརྩིས་པ་དང་། མིང་རྟགས་བཀོད་ནས་ཆ་སྒྲིག་བྱེད་པ་དང་གྲོང་ཚོ་དང་ཁེ་ལས་མཉམ་སྐྲུན་བྱེད་ཐབས་གཙོ་བོར་བརྩིས་ཏེ་རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་ཚོང་ལས་མཐུན་ཚོགས་རྩ་འཛུགས་ལ་ཏང་དང་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཞུ་བ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་བསྟར་བ། གནད་སྨིན་དབུལ་སྐྱོར་ནང་ཞུགས་པ་བཅས་ཀྱི་འབོད་སྐུལ་བྱས་ཡོད།
         ཆིང་དབྱང་ཆུས་ཀྱི་ཁ་གཏད་རོགས་སྐྱོར་ཐད་ལྔ་ཡིས་གཅིག་ལ་རོགས་རམ་བྱེད་པའི་འཕེལ་རྒྱས་གཏོང་སྟངས་སྤྱད་པ་དང་། མཐིལ་རྟོགས་བརྟག་དཔྱད་བྱས་པ་བརྒྱུད། ད་ཡོད་ཀྱི་ཐོན་ལས་གནས་ཚུལ་དང་ལེགས་ཆར་དམིགས་ནས་གྲོང་ཚོ་དབུལ་པོ་ཐོན་ལས་གསར་སྤེལ་ནང་ཞུགས་པ་དང་། གྲོང་ཚོ་དང་ཁེ་ལས་མཉམ་སྐྲུན་བྱས་པ་བརྒྱུད་ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་དང་གྲོང་ཚོ་དབུལ་པོ་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད།
         “ཐོན་ལས་འཕེལ་རྒྱས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་རོགས་རམ་བྱས་ཏེ་རྗེས་སྙེགས་ཕན་ནུས་འདྲི་བའི་ལས་དོན་ཡག་པོ་སྤེལ་ཐོག་བསྐྱར་དུ་དབུལ་པོ་མི་ཆགས་པ་བྱས་ཡོད”ཆིང་དབྱང་ཆུས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བས་གཅེས་སེམས་མཚོན་པའི་རོགས་སྐྱོར་དེ་ལོ་5རྒྱུན་མཐུད་པ་བྱས་ནས་2020ལོར་སླེབས་སྐབས་མཇུག་འགྲིལ་རྒྱུ་ཡིན་པ་དང་། དེའི་རིང་ཚོང་ལས་མཐུན་ཚོགས་ཁག་གིས་རྒྱུན་སྲིང་ལྷོད་མེད་ངང་རོགས་སྐྱོར་ལས་དོན་སྤེལ་བ་དང་ཆབས་ཅིག མི་སྣ་སྐུལ་སློང་བྱ་རྒྱུར་རྒྱུན་ཆད་མེད་པར་དམ་འཛིན་བྱས་ཏེ་ཚོང་ཚོགས་དང་དམངས་གཉེར་ཁེ་ལས་དེ་བས་མང་བ་གནད་སྨིན་དབུལ་སྐྱོར་གྱི་བྱ་སྤྱོད་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་གྲོང་ཚོ་དབུལ་པོ་དབུལ་སྒྲོལ་མ་ཐུབ་བར་དམངས་གཉེར་ཁེ་ལས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆ་སྒྲིག་རོགས་སྐྱོར་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།